བོད་ལྗོངས།
ལག་ཤེས་རྒྱུན་འཛིན་ཡག་པོ་བྱས་ནས་ཕྱུག་འགྱུར་གྱི་རྩལ་ནུས་ཁོང་དུ་ཆུད་པར་བྱེད་པ།

    འདི་ནི་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་སློབ་མར་སློབ་ཁྲིད་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་སློབ་གླིང་གིས་བོད་ལྗོངས་སློབ་ཆེན་དང་། ནན་ཅིང་དགེ་འོས་སློབ་ཆེན་མཛེས་རྩལ་སློབ་གླིང་། སུའུ་ཀྲོའུ་བཟོ་རྩལ་མཛེས་རྩལ་སློབ་གླིང་སོགས་དབར་ཡུན་རིང་མཉམ་ལས་བྱས་ནས་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་དེར་མིག་སྔར་ཐང་ག་དང་། གསེར་ཟངས་བརྐོས་བརྙན། སྤོས་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད། སློབ་གྲྭ་དེའི་སློབ་མ་མི་ཉུང་བ་ཞིག་ནི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གམ་དབང་པོ་སྐྱོན་ཅན་ཡིན་པ་དང་། སློབ་གྲྭ་ཐོན་རྗེས་མུ་མཐུད་སློབ་གྲྭར་དགེ་རྒན་བྱེད་པའམ་ཡང་ན་ལས་གཏོད་བྱས་ཏེ་སོ་སོའི་རྩལ་ནུས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399273121