བོད་ལྗོངས།
མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད།

    —— ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་མིག་མངས་སྲུང་སྐྱོང་ལས་དོན་སྐོར་བཀོད་པ།

    མཛོ་སྒང་རྫོང་གི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་པའི་མིག་མངས་ནི་རྩེད་ཡུལ་གྱི་ཁྱད་པར་མེད་ཅིང་། དམིགས་བསལ་ལག་ཆའང་སྤྱོད་མི་དགོས་ལ། ལོ་དང་། དུས་ཚོད། ས་ཁོངས་བཅས་ཀྱི་ཚོད་འཛིན་མེད་པར་ཡུལ་དུས་གང་རུང་དུ་རྡོ་རིལ་ཁ་ཤས་ཀྱིས་རྡེའུ་བྱས་ནས་འགྲན་བསྡུར་བྱེད་ཆོག་པ་དང་། དེ་ནི་སྐྱེས་པའི་དབར་འགྲན་བསྡུར་བྱེད་པའི་རོལ་རྩེད་ཅིག་ཀྱང་རེད།

    མཛོ་སྒང་རྫོང་གི་མིག་མངས་ནི་དམངས་ཁྲོད་དུ་རང་ངོས་འཕེལ་རྒྱས་ཕྱིན་ཞིང་། མིག་མངས་ཀྱི་འགྲིག་ནི་ཐིག་རིས་3དང་ཐིག་རིས་6 ཐིག་རིས་9 ཐིག་རིས་12 ཐིག་རིས་15བཅས་འཕྲེད་གཞུང་སྣོལ་མ་ལས་གྲུབ་རེད། མིག་མངས་རྩེད་རྩལ་སྤྱིར་བཏང་བས་རྩེ་བ་ནི་ཐིག་རིས་6དང་9ཅན་ཡིན་པ་དང་། མིག་མངས་རྩེད་རྩལ་ཅུང་མཁས་པས་ཐིག་རིས་12སམ་ཡང་ན་15ཅན་གྱི་འགྲན་བསྡུར་བྱེད་ཀྱི་ཡོད་ལ། ཐིག་རིས་3ཅན་ནི་ཕྲུ་གུས་རྩེད་བ་ཡིན། དེའི་ཕྱིར་ཐིག་རིས་ག་ཚོད་མང་བ་ཡོད་ཚེ་དཀའ་ཚད་ཀྱང་དེ་ཙམ་གྱིས་ཆེ་རུ་འགྲོ་བ་རེད།

    ལོ་52ལ་སླེབས་པའི་གཡུང་དྲུང་ཚེ་བརྟན་ནི་མིག་མངས་རྒྱུན་འཛིན་པ་ཞིག་ཡིན་ཞིང་། ཁོང་གིས་མིག་མངས་འགྲན་བསྡུར་ནི་རོལ་རྩེད་ཀྱི་ཁོངས་སུ་གཏོགས་པ་དང་། སྤྱིར་བཏང་གྲོགས་པོ་མཉམ་འཛོམས་དང་སྤྲོ་གསེང་གི་སྐབས་སུ་འགྲན་བསྡུར་བྱེད་པ་ཡིན། མིག་མངས་རྩེད་ཡུན་ཅུང་རིང་བ་དང་ཐེངས་གཅིག་རྩེ་བར་སྤྱིར་བཏང་དུ་ཆུ་ཚོད་6དང་7ཙམ་འགོར་གྱི་ཡོད་ལ། རྩེ་མཇུག་མ་འགྲིལ་བར་དུ་ངལ་གསོ་རྒྱག་གི་མེད། འགྲན་བསྡུར་སྐབས་སུ་མི་གཉིས་ཀྱིས་མིག་མངས་རྩེ་བ་དང་ལྟད་མོ་བ་ཚོས་གཞོགས་གཉིས་ནས་ཐབས་ཇུས་འདོན་རོགས་བྱེད་པས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་ཅེས་ངོ་སྤྲོད་བྱས།

    མཛོ་སྒང་རྫོང་གི་མིག་མངས་ནི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་དང་རོལ་རྩེད། དེ་བཞིན་རྩལ་རྩེད་ཀྱི་རྣམ་གྲངས་ཤིག་ཡིན་ལ། རྣམ་གྲངས་དེར་སྲུང་སྐྱོང་དང་མྱུར་སྐྱོབ་བྱེད་པའི་ལས་དོན་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས། མཛོ་སྒང་རྫོང་གི་མིག་མངས་ཀྱང་ཁྱད་འཕགས་ཀྱི་རིག་གནས་རྨང་གཞི་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་གསལ་བས་ཀུན་གྱིས་དོ་ཁུར་བྱ་ཡུལ་དུ་གྱུར།

    རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་མཐོང་ཆེན་འོག་མཛོ་སྒང་རྫོང་གིས་ཡོངས་བཤེར་དཔུང་ཁག་བཙུགས་ཏེ་སྔ་རྗེས་སུ་མཛོ་སྒང་མིག་མངས་ཀྱི་འབྲེལ་ཡོད་དཔྱད་གཞི་བསྡུ་རུབ་ཞིབ་ཚགས་བྱས་པ་དང་འབྲེལ། ཡི་གེ་དང་རི་མོ་སོགས་ཀྱི་བྱ་ཐབས་སྤྱད་ནས་དཔྱད་གཞི་ཉར་ཚགས་ཀྱང་བྱས་པ་རེད། 2012ལོ་ནས་བཟུང་ད་ཡོད་ཀྱི་རྒྱུན་འཛིན་པ་དང་ལྷག་པར་དུ་རྒན་རབས་པ་ཚོར་རིག་གཞུང་བཅར་འདྲི་བྱས་ཏེ་ངག་བརྗོད་པར་གཞི་དང་། རྒྱུན་འཛིན་སློབ་ཁྲིད་པར་གཞི། རྣམ་གྲངས་ལག་ལེན་གྱི་པར་གཞི། ཕྱོགས་བསྡུས་པར་གཞི་སོགས་འབྲེལ་ཡོད་ནང་དོན་ལ་གྲངས་འཛིན་རིག་གནས་ཉར་ཚགས་རབ་དང་རིམ་པ་བྱས་ཏེ་རྩ་ཆེའི་དྲན་ཤེས་དག་དེང་རབས་ལག་རྩལ་ལ་བརྟེན་ནས་ཉར་ཚགས་བྱས་ཡོད་ལ། ལྷག་པར་དུ་རྒན་རབས་པ་ཚོར་དམིགས་ཏེ་ངག་བརྗོད་སོགས་ཀྱི་བྱེད་ཐབས་བརྒྱུད་དཔྱད་གཞི་བཟོ་སྒྲིག་གི་ལས་དོན་འབོར་ཆེན་ཡང་བསྒྲུབས་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399278521