བོད་ལྗོངས།
མཚར་གཏམ་མཐོང་བ་འཛུམ་ཤོར།

    གྲོན་ཆུང་འགྲན་པའི་གླེང་མོ།

    མེ་འཁོར་ཞིག་གི་ནང་འགྲུལ་པ་གསུམ་གྱིས་འཚོ་བའི་ནང་གྲོན་ཆུང་བྱ་རྒྱུའི་སྐོར་གླེང་། པ་སངས་ཟེར་བའི་འགྲུལ་པ་དེས། ངས་སྣག་ཚ་གྲོན་ཆུང་བྱེད་ཆེད་རྟག་ཏུ་ཡི་གེའི་ཚིག་འབྲུ་གང་ཉུང་ཉུང་བྲིས་ནས་སྐད་ཆའི་མཇུག་དེ་མི་གཞན་ལ་བསམ་བློ་གཏོང་དུ་འཇུག་གི་ཡོད་ཅེས་ཟེར། སྐབས་དེར་ཉི་མ་ཟེར་བའི་འགྲུལ་པ་དེས། ཁྱེད་ཀྱི་གྲོན་ཆུང་དེ་ལ་ཧ་ལས་རྒྱུ་གང་ཡོད། ངས་ཆུ་ཚོད་འཁོར་ལོ་མི་ཟད་པའི་ཆེད་དུ་ས་རུབ་མ་ཐག་ཆུ་ཚོད་འགྲོ་ཡས་མེད་པ་བཟོ་གི་ཡོད་ཅེས་བཤད། ཡང་ཁོང་གཉིས་ཀྱི་གྲོན་ཆུང་བྱེད་སྟངས་དེ་སྤེན་པ་ཟེར་བའི་འགྲུལ་པ་དེས་ཐོས་འཕྲལ་རང་སྐལ་དུ་བབས་པ་ལྟར། ཁྱོད་གཉིས་ཉོན་དང་། ངས་མིག་ལ་གྲོན་ཆུང་བྱེད་ཆེད་ཡིག་རིགས་རྩ་བ་ནས་ལྟ་ཡི་མེད་ཅེས་ཟེར།

    ཁ་མིག་རྩ་འབྲེལ།

    ཕ་རྒན་ཚེ་རིང་གིས་རྟག་པར་མིག་སྨན་བླུག་སྐབས་ངོ་གདོང་གནམ་ལ་བལྟས་ཤིང་། མིག་སྨན་ཐིགས་པ་ཁ་ཤས་རྒྱག་རིང་ཁ་བྲག་ཁུང་ཙམ་གདང་གི་ཡོད་པས། ཚུལ་དེ་ཁོའི་བུ་སྐལ་བཟང་གིས་མཐོང་རྗེས་ཡ་མཚན་ཆེན་པོ་བྱུང་སྟེ། པཱ་ལགས། ཁྱེད་རང་རྟག་པར་མིག་སྨན་བླུག་སྐབས་ཞལ་ཆེན་པོ་དེ་འདྲ་གདངས་དགོས་དོན་གང་ཡིན་ནཱ་ཞེས་དྲིས། ཕ་རྒན་ཚེ་རིང་གིས། ཁ་མ་གདང་ན་མིག་གི་ནང་མིག་སྨན་འཛུལ་གྱི་མི་འདུག་ཅེས་བཤད། བུ་སྐལ་བཟང་གིས། ཨ་ཡ་མཚན། དེ་འདྲ་གང་ཡིན་ནམ་ཞེས་དྲིས་པས། ཁོའི་ཕ་ཚེ་རིང་གིས། རང་ཉོན་དང་། ཁ་མིག་གི་རྩ་འབྲེལ་ནས་ཡོད་བཟོ་འདུག་ཅེས་བཤད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391723851