བོད་ལྗོངས།
《བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལེགས་རྩོམ་གཅེས་བཏུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

    ལྷན་འཛོམས་དྲན་རྟེན་མཉམ་པར་མི་འགྱུར་སྨོན།

    ལེགས་རྩོམ་གཅེས་བཏུས་རྩོམ་རིག་ཞིང་གི་རྒྱན།

    བསླབ་པ་རྒན་གྲས་བཀའ་དྲིན་བརྗོད་མི་ཚར།

    གསར་རྩོམ་ཉམས་མྱོང་ལྷུག་བརྗོད་ཡིད་ཀྱི་གསོས།

    2020ལོའི་ཟླ་11ཚེས་29ཉིན་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཉིན་མོ་ཞིག་དང་། རྩོམ་རིག་ལས་དོན་པ་དང་རྩོམ་རིག་ལ་དགའ་ཞེན་ཡོད་མཁན་ཚོའི་ངོས་ནས་བརྗོད་ན། ཆེས་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ལོས་ཡིན་ཏེ། དེ་ཉིན་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་རླུང་རྟ་དཔེ་ཁང་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གིས་གཉེར་འགན་ཁུར་བའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》བཏོན་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ལེགས་རྩོམ་གཅེས་བཏུས་ཀྱི་པར་ཕུད་འགྲེམས་ཚོགས་དེ་བོད་ལྗོངས་རླུང་རྟ་དཔེ་ཁང་དུ་འཚོགས་ཤིང་། ཁྱོན་དེབ་10ཡི་བདག་ཉིད་ཅན་གྱི《བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལེགས་རྩོམ་གཅེས་བཏུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ལས། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་བགྲང་བྱ་40སོང་རིང་གི་གཡུར་ཟའི་གྲུབ་འབྲས་ལ་བདེན་དཔང་བྱས་པ་ཞིག་དང་། སང་ལོར་ཀྲུང་གོ་གུང་ཁྲང་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་ཕུལ་བའི་ལེགས་སྐྱེས་རྩེ་གྲ་ཞིག་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395881161