གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ སྐྱོར་ ལས་ བྱེད་ པ་ ཁག་ བདུན་ པ་ སྔ་ ཕྱིར་ བོད་ དུ་ འབྱོར་ བ་ དང་ མི་ རིང་ བར་ ལས་ གནས་ གསར་ པའི་ ཐོག་ བསྐྱོད་ རྒྱུ་ ཡིན་ པ།
2013-07-12       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་7ཚེས་12ཉིན་གནས་ཚུལ་འབྱོར་གསལ།(གསར་འགོད་པ་ལིའུ་ཧུང་མིང་དང་ཀྲང་ཅིང་བིང)བོད་ཀྱི་ཞིང་ཆེན་དང་གྲོང་ཁྱེར། ཚན་པ་བཅས་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པ་ཉེ་ཆར་སྔ་ཕྱིར་བོད་དུ་འབྱོར་བ་དང་། མི་རིང་བར་རོགས་སྐྲུན་བྱེད་སའི་ས་ཁུལ་དང་གྲོང་ཁྱེར་དུ་བསྐྱོད་ནས་ལས་གནས་གསར་པའི་ཐོག་ཞུགས་རྒྱུ་རེད། དེ་དང་ཆབས་ཅིག་བོད་སྐྱོར་ལས་བྱེད་པ་ཁག་དྲུག་པའི་ལས་འགན་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

    ངོ་སྤྲོད་ལ་གཞིགས་ན། བོད་སྐྱོར་ལས་བྱེད་པ་ཁག་དྲུག་པར་ཁྱོན་ལས་བྱེད་པ་1019ཡོད་པ་དང་། པེ་ཅིང་དང་ཧྲང་ཧེ། ཧུའུ་ནན་སོགས་ནས་ཡིན་པའི་ཁ་གཏད་བོད་སྐྱོར་ཀྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས། གཞུང་ཁོངས་རྐང་འཛིན་ཁེ་ལས་བཅས་17ཡོད། ཁོང་རྣམ་པ་2010ལོའི་ཟླ་6པར་བོད་དུ་ཕེབས་པ་ནས་བཟུང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

    བོད་སྐྱོར་ལས་དོན་རུ་ཁག(ཚོགས་ཆུང)ཁག་དྲུག་པས་ཀྲུང་དབྱང་ནས་གསལ་བཏོན་བྱས་པའི་བོད་སྐྱོར་མ་དངུལ་གྱི་གྲངས་ཚད་དོན་འཁྱོལ་ནན་ཏན་བྱས་ཏེ་རྣམ་གྲངས་1800བསྐྲུན་པ་དང་། མ་དངུལ་སྒོར་དུང་ཕྱུར་92.5བཏང་བས་བོད་སྐྱོར་ལས་དོན་རུ་ཁག་ཁག་ལྔ་པའི་ལྡབ་1.6ཟིན་ཡོད། དེ་དང་ཆབས་ཅིག་འཆར་གཞིའི་ནང་མེད་པའི་མ་དངུལ་སྒོར་དུང་ཕྱུར་20.7བརྩོན་ལེན་ཧུར་ཐག་བྱས་ཡོད།

    གཞན་ཡང་། མ་དངུལ་གཏོང་བའི་ཐད་དམངས་འཚོར་གཙོ་གནད་ཐོག་འགན་ལེན་བྱས་ཏེ་བརྒྱ་ཆ་70ཡན་གྱི་བོད་སྐྱོར་མ་དངུལ་དམངས་འཚོའི་ལས་གྲྭར་བཏང་ཞིང་། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་དུད་ཁྱིམ་ཁྲི་2.9གསར་སྐྲུན་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་ཆུ་གློག་དང་འགྲོ་ལམ། འཕྲིན་གཏོང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ལེགས་སུ་བཏང་ཡོད།

    2012ལོར་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁྱོན་བོད་ཀྱི་ཐེམ་ཐོ་ཡོད་པའི་ལོ་དེའི་མཐོ་སློབ་སློབ་ཐོན་སློབ་མ་1300ལྷག་ཙམ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་རོགས་རམ་བྱས་པ་དང་། 2013ལོར་སླར་ཡང་ལས་གནས་2250མཁོ་འདོན་བྱས་ཡོད། ལོ་གསུམ་རིང་བོད་སྐྱོར་ལས་དོན་རུ་ཁག(ཚོགས་ཆུང)ཁག་དྲུག་པས་ཁྱོན་སྨན་ཡོན་མི་དགོས་པར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་457སྐྱོབ་བཅོས་བྱས་པ་དང་། ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་5.3སྐྱོབ་བཅོས་བྱས་ཡོད།

    ཏང་འཛུགས་ལས་དོན་ཐད་མིག་སྔའི་བར་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་1260བསྐྲུན་ཟིན་པ་དང་། ཁྱོན་རིམ་པ་ཁག་དང་རིགས་ཁག་གི་གསོ་སྦྱོང་འཛིན་གྲྭ་984སྒྲིག་འཛུགས་བྱས་ཤིང་། གཞི་རིམ་ལས་བྱེད་པ་མི་ཐེངས་ཁྲི་5ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད།

    མིག་སྔར། བོད་སྐྱོར་ལས་བྱེད་པ་ཁག་དྲུག་པའི་ལས་འགན་ལེགས་གྲུབ་བྱུང་བ་དང་། བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་བོད་སྐྱོར་ལས་དོན་སྔ་རྗེས་སུ་སྤེལ་བཞིན་པའི་སྒང་ཡིན། བོད་སྐྱོར་ལས་བྱེད་པ་ཁག་བདུན་པར་ཁྱོན་བསྡོམས་མི་1200ལྷག་ཙམ་ཡོད་པ་དང་། དེ་སྔོན་དང་བསྡུར་ཚེ་མི་གྲངས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ལོ་སྔར་བས་ཆུང་དུ་ཕྱིན་པ། ཆེད་ལས་སྔར་བས་ལུགས་དང་མཐུན་པར་གྱུར་ཡོད།

    ཉེ་བའི་ལོ་ཤས་ནང་བོད་སྐྱོར་ཚོགས་པ་ཁག་གིས་ལག་རྩལ་བོད་སྐྱོར་དང་ཚན་རྩལ་བོད་སྐྱོར། ལས་ཞུགས་བོད་སྐྱོར་བཅས་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། མ་ཟད་མེས་རྒྱལ་ནང་ས་དང་བོད་དབར་གཞི་ཁྱོན་དེ་བས་ཆེ་བ་དང་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ། རིམ་པ་དེ་བས་མཐོ་བའི་དཔལ་འབྱོར་ལག་རྩལ་གྱི་མཉམ་ལས་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་བོད་སྐྱོར་ལས་དོན་ཐད་ཕྱོགས་གང་ས་ཅི་ཐད་དང་རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་རྣམ་པ་ཐོན་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001325351291