༄༅།། ཀྲུང་ གོ་ མི་ དམངས་ དངུལ་ ཁང་ ལྷ་ སའི་ ལྟེ་ བའི་ ཉིང་ ལག་ དངུལ་ ཁང་ གིས དངུལ་ རྩའི་ འཛད་ སྤྱོད་ ཁེ་ དབང་ སྲུང་ སྐྱོབ་ སྐོར་ གྱི་ ཤེས་ བྱ་ ཞིང་ འབྲོག་ ཁུལ་ དུ་ སྤེལ་ བའི བྱེད་ སྒོ་ གཉེར་ བ།
 
2013-08-24       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།(ལེའུ་ཝུད་པིང)ཟླ་8པའི་ཚེས་20ཉིན་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་སའི་ལྟེ་བའི་ཉིང་ལག་དངུལ་ཁང་དང་ཞིང་ལས་དངུལ་ཁང་བོད་ཡན་ལག་དངུལ་ཁང་གིས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་དུ“དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་སྐོར་གྱི་ཤེས་བྱ་ཞིང་འབྲོག་ཁུལ་དུ་སྤེལ་བའི”བྱེད་སྒོའི་འགོ་འཛུགས་མཛད་སྒོ་གཉེར་ཡོད།

    བོད་ཀྱི་ས་རྒྱ་ཆེ་བ་དང་ཞིང་འབྲོག་མང་ཚོགས་ཁ་ཐོར་དུ་གནས་པ། བརྒྱ་ཆ་80ཡན་གྱི་མི་འབོར་ཞིང་འབྲོག་དུ་ཡོད་པའི་དམིགས་བསལ་ཁྱད་ཆོས་ལ་དམིགས་ནས་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཞིང་ལས་དངུལ་ཁང་བོད་ཡན་ལག་དངུལ་ཁང་ལ་རང་ཁོངས་གཏོགས་ཀྱི་རྫོང་ཉིང་ལག་དངུལ་ཁང་74ཡི་ཚོང་གཉེར་ཁང་477དུ་དུས་གཅིག་ཏུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་དགོས་པ་དང་། རྒྱུན་གཏན་ཅན་གྱི་དངུལ་རྩའི་འཛད་སྤྱོད་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ། སློབ་གསོ་བཅས་བྱས་ཏེ་གནད་གཅིག་གིས་ཁྱོན་ཡོངས་འཁྲིད་པའི་རྣམ་པའི་ཐོག་ནས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་དང་རྩལ་ནུས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    འགོ་འཛུགས་མཛད་སྒོའི་ཐོག་མི་དམངས་དངུལ་ཁང་དང་ཞིང་ལས་དངུལ་ཁང་གཉིས་ཀྱི་དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་དྲིལ་བསྒྲགས་བྱེད་མཁན་གྱི་འབྲེལ་ཡོད་ལས་དོན་མི་སྣས་ཞིང་འབྲོག་མང་ཚོགས་ཚོར་མི་དམངས་དངུལ་ཁང་གིས་གཉེར་བའི་དངུལ་རྩའི་འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ནང་དོན་དང་བྱེད་སྟངས་ངོ་སྤྲོད་བྱས་པ་དང་། ཁེ་དབང་སྲུང་སྐྱོབ་ཀྱི་ཞབས་ཞུའི་ཁ་པར་ཁྱབ་བསྒྲགས་བྱས་ནས་ཞུ་གཏུག་རྒྱག་པའི་ཐབས་ཤེས་དང་དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་ཀྱི་ཞུ་གཏུག་ཐག་གཅོད་བྱེད་པའི་བརྒྱུད་རིམ་བརྗོད་ཡོད། མ་ཟད་དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་དང་མི་སྒེར་གྱི་དངུལ་རྩའི་ཆ་འཕྲིན་སྲུང་སྐྱོབ། ཀྲུང་དབྱང་གིས་བོད་ལ་བཟུང་བའི་དམིགས་བསལ་གྱི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་དང་རྒྱལ་བུན་ཤེས་བྱ། མི་དམངས་ཤོག་སྒོར་རྫུས་མར་ངོ་རྒོལ་སོགས་ཀྱི་རྒྱ་བོད་ཤར་སྦྱར་གྱི་དྲིལ་བསྒྲགས་ལག་དེབ་སྤྲད་ཡོད།

    བསྡོམས་རྩིས་ལ་གཞིགས་ན། བྱེད་སྒོ་སྤེལ་བའི་ཉིན་དེར་ཁྱོན་གྲོང་མིར་རིགས་མི་འདྲ་བའི་དངུལ་རྩའི་ཤེས་བྱའི་སྐོར་གྱི་དྲིལ་བསྒྲགས་ལག་དེབ་ཧ་ལམ་100ཙམ་སྤྲད་ཡོད་པ་དང་། བྱེད་སྒོ་སྤེལ་ཡུལ་དངོས་སུ་བློ་འདྲིའི་གནས་ཚུལ་40ལྷག་ཙམ་དང་ལེན་བྱས་ཡོད། སླད་མར“དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་སྐོར་གྱི་ཤེས་བྱ་ཞིང་འབྲོག་ཁུལ་དུ་སྤེལ་བའི”བྱེད་སྒོ་ད་དུང་ལྷོ་ཁ་ས་ཁུལ་སོགས་སུ་སྔ་རྗེས་སུ་གཉེར་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001326595391