གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། མང་ ཚོགས་ ནི་ མེ་ ལོང་ དྭངས་ ཤོས་ དང་ སྨན་ པ་ བཟང་ ཤོས་ ཡིན།
2013-08-28       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    “མང་ཚོགས་ནི་མེ་ལོང་དྭངས་ཤོས་དང་སྨན་པ་བཟང་ཤོས་ཡིན”ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཚན་ཁག་གི་ཁོངས་མིས་སྣེ་འཁྲིད་དེ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་20འཚོགས།འགོ་ཁྲིད་གཙོ་བོ་སྔོན་ལ་གཞི་རིམ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་དང་རང་འགུལ་ངང་གནད་དོན་ལ་ཞིབ་བཤེར་བྱས་ཏེ་ལྗོངས་ཡོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་མ་བཏང་བ་རེད།

    2011ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་ལྗོངས་ཀྱི་གནས་ཚུལ་ལ་གཞིགས་ཏེ་རང་འགུལ་ངང་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་པ་དང་།རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་བ།དགོན་སྡེར་ལས་བྱེད་པ་བཅའ་སྡོད་བྱེད་པ་བཅས་ཀྱི་ལས་དོན་སྤེལ་བ་རེད།བྱ་ཐབས་མང་པོ་བཏོན་ཏེ་ལས་བྱེད་པ་གཞི་རིམ་ལ་མངགས་ནས“མང་ཚོགས་དང་འབྲེལ་འདྲིས”ཡོང་བ་བྱས།ཉེ་བའི་ལོ་གཉིས་རིང་།ལྗོངས་ཡོངས་ཀྱིས་སྔ་རྗེས་སུ་ལྗོངས་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ།གྲོང་ལྷན)5459ལ་ལས་བྱེད་པ་ཁྲི་4ལྷག་ཙམ་བཅའ་སྡོད་བྱེད་པར་བདམས་མངགས་བྱས་ནས་ཞིང་འབྲོག་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ལས་ཀ་བྱེད་པ་དང་།དམངས་འདུན་ཉན་པ།དམངས་ཀྱི་སེམས་ཁྲལ་སེལ་བ།དམངས་ཕྱུག་པོ་ཡོང་རོགས་བྱེད་པ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་གཏིང་ནས་བརྩི་བཀུར་ཐོབ་ཡོད།

    ལྗོངས་ཡོངས་ཀྱི་དགོན་སྡེ་1700ལྷག་ཙམ་ལ་ལས་བྱེད་པ་ཁྲི་1ལྷག་ཙམ་སྔ་རྗེས་སུ་བཅའ་སྡོད་བྱེད་དུ་བཏང་ནས་དགོན་སྡེ་དང་གྲྭ་བཙུན་ཕན་པའི་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་པས་རྒྱ་ཆེའི་གྲྭ་བཙུན་གྱི་སྙིང་དབུས་ནས་དགའ་བསུ་ཐོབ་ཡོད།

    སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“བཞི་ཐོག་གཉིས་སྣོན”གྱི་བྱེད་སྒོ་སྤེལ་ཐབས་བཏོན་པ་སྟེ།“སྤྱོད་ཚུལ་བཞི”ཐག་གཅོད་ཏན་ཏིག་བྱེད་པ་དང་དུས་མཚུངས་ཆབ་སྲིད་ལངས་ཕྱོགས་བརྟན་པོ་མེད་པ་དང་སྤྱོད་ཚུལ་མི་བརྟན་པ་དང་བག་གཡེང་སྒྱིད་ལུག་གི“གནད་དོན་གཉིས”ཐག་གཅོད་བྱས་ཡོད།

    རང་ལྗོངས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱེད་པ་དང་བོད་ཀྱི་གསར་གཏོད་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ཀྲུང་དབྱང་གི་སྤྱིའི་བླང་བྱ་ཞིབ་ཕྲ་དང་ཁ་གསལ་བཟོས་ཏེ་སློབ་གསོ་ལག་ལེན་བྱེད་སྒོའི་ལྷུ་ཚིགས་ཁག་དང་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།ལྗོངས་ཡོངས་སུ“སུའི་ཆེད་དང་།སུ་ལ་བརྟེན་དགོས་པ།ང་སུ་ཡིན་པ”བཅས་ཀྱི་མང་ཚོགས་ལམ་ཕྱོགས་ལ་གྲོས་བསྡུར་ཆེ་མོ་བྱས་པ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་སློབ་གསོ་བྱེད་སྒོ་དང་།“མི་རིགས་མཐུན་སྒྲིལ་གྱི་ཏང་ཡོན་གདོང་ལེན་པའི་བྱ་སྤྱོད”ཅེས་པའི་བྱེད་སྒོ“འགོ་ཁྲིད་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་འགྲིག་གཉེན་འཚོལ”གྱི་བྱེད་སྒོ་བཅས་སྤེལ་བ་དང་དར་སྤེལ་བཏང་ཡོད།

    དུས་མཚུངས་སུ་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང“དུད་སྦྲེལ་ཞི་འཇགས་དང་དུད་སྦྲེལ་འབབ་འཕར”གཏིང་ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་སྤེལ་ཞིང་།གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པ་ཁྲི་2ལྷག་ཙམ་ལ་ཡོངས་བསྒྲགས་ངང་ཀུན་སྤྱོད་དག་ཐེར་བྱས་ལ་ལྗོངས་ཡོངས་ཀྱི་ལས་བྱེད་མང་ཚོགས་ཁྲི་300མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་ཚང་མ་ཞིང་དུད་དུ་ཆ་སྒྲིག་གཉེན་འཚོལ་བྱེད་པར་སྐྱོད་དགོས་པ་དང་མིག་སྔའི་བར་བོད་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་མཁན་ཁག་དང་པོའི་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་73གྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་1464ཞིང་འབྲོག་ཁུལ་དུ་བསྐྱོད་དེ་མང་ཚོགས་ཀྱི་ཁྱིམ་དུ་སྡོད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་2923དང་ཆ་སྒྲིག་གཉེན་འཚོལ་བྱས་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་ཇུས་དང་ཐབས་ཤེས་1954བཏོན་པ་མ་ཟད།ད་དུང་མང་ཚོགས་8895ལ་འཚམས་འདྲི་བྱས་ཡོད་པ་རེད།

    གྲོང་ཚོར་བསྐྱོད་དེ་དུད་ཚང་དུ་སྡོད་པའི་བོད་ཀྱི་ཏང་ཡོན་ལས་བྱེད་པ་ཚོས་ཕོ་ཁེབས་སོགས་ཉིན་རེའི་འཚོ་བའི་མཁོ་ཆས་འཁྱེར་ཏེ་ཆ་སྒྲིག་དུད་ཚང་ལ་ཞག་སྡོད་རིན་པ་སྤྲོད་པ་དང་མང་ཚོགས་དང་མཉམ་བཟའ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།“དེ་སྔོན་དམག་སྡེ་བཅོ་བརྒྱད་པའི་སྤྱོད་ཚུལ་བཟང་པོ་སླར་ཡང་དར་སོང”ཞེས་ད་ལོ་ལོ་80ལྷག་ཙམ་ལ་སླེབས་པའི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཕྱི་ནང་གྲོང་ཚོའི་རྒན་མོ་རྒྱགས་རིལ་གྱིས“གུང་ཁྲན་ཏང་གི་ལས་བྱེད་པ་ངའི་ཁྱིམ་དུ་སྡོད་པར་ཕེབས་ནས་ང་ཚོར་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པ་དེ་ངའི་བུ་མོ་ལས་ལྷག་པ་འདུག”ཅེས་བཤད་བྱུང་།

མཛའ་འབྲེལ་དྲ་བ།
010020070840000000000000011100001326693781