༄༅།། ཁྱད་ ལྡན་ ཐོན་ ལས་ དེ་ བོད་ ཀྱི་ ཞིང་ འབྲོག་ པ་ ཕྱུག་ པོ་ ཆགས་ པར་ བྱེད་ པའི་ ཐབས་ ལམ་ ནུས་ ལྡན་ ཞིག་ ཏུ་ གྱུར་ བ།
 
2013-09-04       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། གཡག་ཤ་དང་ནས། བོད་ཕག བེ་ཤ་བཅས་བོད་ཀྱི་མི་རྣམས་ཀྱི་སྒྲོག་ཙེའི་སྟེང་གི་ཟས་རིགས་དག་ད་ཆ་ཚང་མ་བོད་ཀྱི་ཞིང་འབྲོག་པའི་“ཕྱུག་འགྱུར་གྱི་ཐབས་ལམ་ནུས་ལྡན་”ཞིག་ཏུ་གྱུར་ཡོད།

    “སྨྱུག་དྲི་བྲོ་བའི་གཡག་ཤ་དེར་སྣང་ཆུང་བྱེད་རྒྱུ་མེད། དེས་ང་ཚོར་ཟླ་རེར་ཡོང་འབབ་སྒོར་3000ཙམ་གསོག་ཐུབ་ཀྱི་ཡོད”ཅེས་འདི་ལོ་ལོ་23ལ་སླེབས་པའི་ཆབ་མདོའི་བུ་མོ་བདེ་སྐྱིད་ཀྱིས་སྨྱུག་དྲི་བྲོ་བའི་གཡག་ཤ་ཐུམ་སྒྲིལ་ནང་བླུག་བཞིན་བརྗོད།

    བདེ་སྐྱིད་དང་འདྲ་བར་ད་ཆ་བོད་ཀྱི་ས་ཕྱོགས་ཁག་ནས་ཡིན་པའི་ཞིང་འབྲོག་པ་171ཀྱིས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཡོད་པའི་བོད་ཀྱི་ཇི་ཧྲེང་ཡུལ་ཟོག་ཐོན་རྫས་ཚད་ཡོད་ཀུང་སིར་ལས་ཀ་བྱེད་བཞིན་ཡོད། ཀུང་སིས་སྦྱོང་བརྡར་བྱས་རྗེས། ཁོང་ཚོས་རིགས་ཁག་གི་གཡག་ཤའི་ལས་སྣོན་ཐོན་སྐྱེད་བརྒྱུད་རིམ་བྱང་ཆུབ་པ་ཁོང་དུ་ཆུད་ཡོད།

    བོད་ལྗོངས་ཇི་ཧྲེང་ཡུལ་ཟོག་ཐོན་རྫས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་ཨུ་ནན་ཧུའེ་ཡིས་ཉེ་བའི་ལོ་ཤས་ནང་ཀུང་སིས་གཡག་ཤ་དང་བོད་ཕག བོད་བྱ་སོགས་ཁྱད་ལྡན་ཐོན་རྫས་ཞིབ་བཟོ་ཟམ་མི་ཆད་པར་བྱས་ཤིང་ཀུང་སིས་གླས་པའི་ཞིང་འབྲོག་པའི་ངལ་ནུས་མི་གྲངས་དེ་2003ལོར་ཀུང་སི་འཛུགས་མཚམས་སྐབས་ཀྱི་ལྡབ་8ཟིན་ཞིང་། ལོ་ལྟར་ཞིང་འབྲོག་པའི་འཁྲིས་ནས་ཕྱུགས་ཟོག་ཉོ་སྒྲུབ་བྱེད་ཆེད་བཏང་བའི་མ་དངུལ་སྒོར་ཁྲི་3000ལས་བརྒལ་བས་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་ཡོད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཞིང་འབྲོག་པའི་འབབ་འཕར་ལ་གཞིགས་ནས་བོད་ཀྱིས་ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་བ་དང་“གཙོ་གནད་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་པར་བྱེད་པ། བཀྲག་མདངས་འཚེར་ས་བཟོ་བ་”བཅས་ཀྱི་བླང་བྱ་ལྟར་བཟང་ཆ་འབུར་དུ་མངོན་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་ནས་དང་གཡག བོད་ཕག་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་དང་བཟང་ཆ་ལྡན་པའི་ཐོན་ལས་ཁུལ་འཛུགས་སྐྲུན་ཇེ་མགྱོ གས་སུ་བཏང་བ། སྣེ་ཁྲིད་ཁེ་ལས་དང་གྲགས་ཅན་ཚོང་རྟགས་ཀྱི་ཐོན་རྫས་སྐྱེད་བསྲིང་བྱས་པ་བཅས་ཧུར་བརྩོན་ཆེན་པོས་ས་མཐོའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་བཟང་ཆ་དེ་དཔལ་འབྱོར་བཟང་ཆར་འགྱུར་བ་བྱས་ཡོད།

    བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཆོས་ཉིད་གཡང་འཕེལ་གྱིས། ཐོན་ལས་དབུལ་སྐྱོར་གྱི་རེ་བ་དང་ཟུང་འབྲེལ་གྱིས་བོད་ཀྱིས་གཙོ་གནད་ཐོག་ཁྱད་ལྡན་ཐོན་ལས་གསར་སྤེལ་བྱས་ཏེ་དབུལ་ཕོངས་ས་ཁུལ་གྱི་ངལ་ནུས་ལྷག་འཕྲོ་དག་ལས་ཞུགས་སྤོ་བསྒྱུར་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། དེའི་ནང་2013ལོའི་ལོ་སྟོད་དུ་མ་དངུལ་སྒོར་ཁྲི་2000བཀོད་སྒྲིག་བྱས་ཏེ་རྡོ་གཤགས་དང་མི་རིགས་ལག་ཤེས་བཟོ་རྩལ་སོགས་རྣམ་གྲངས་26ལག་བསྟར་བྱས་ཤིང་། མང་ཚོགས་ཁྲི་8.3ལ་ཕན་པ་ཐོབ་པ། ངལ་རྩོལ་ལས་ཞུགས་གསོ་སྦྱོང་བྱེད་ཚད་མི་ཐེངས་ཁྲི་0.3ཟིན་པ་བཅས་དབུལ་པོའི་མང་ཚོགས་ཀྱི་རང་ངོས་འཕེལ་རྒྱས་ནུས་པ་ཤུགས་ཆེར་ཕྱིན་ཡོད་ཅེས་གསུངས།

    ཆོས་ཉིད་གཡང་འཕེལ་གྱིས། འདི་ལོ་བོད་ཀྱིས་ཐོན་ལས་གསར་སྤེལ་དེ་ཞིང་འབྲོག་པའི་ཕུགས་ཕན་འབབ་འཕར་སྒྲིག་གཞིའི་རྨང་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ནོར་སྲིད་མ་དངུལ་བརྒྱ་ཆ་70ཐོན་ལས་དབུལ་སྐྱོར་ཐད་གཏོང་རྒྱུ་འགན་ལེན་བྱེད་པ་དང་ཆབས་ཅིག་“ཁེ་ལས་དང་རྟེན་གཞི། ཞིང་འབྲོག་པ་བཅས་གསུམ་སྣོན་བྱེད་པ་”སོགས་ཀྱི་གཉེར་སྐྱོང་བྱེད་ཐབས་ལག་བསྟར་ཤུགས་ཆེ་བྱས་ཐོག་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་ཚོང་འགུགས་མ་འདྲེན་ལག་བསྟར་དང་སྣེ་ཁྲིད་ཁེ་ལས་བོད་དུ་བརྟག་ཞིབ་བྱེད་པར་བཀོད་སྒྲིག་གིས་བོད་ཀྱི་ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་དང་ཞིང་ཕྱུགས་ཐོན་རྫས་རྟེན་གཞི། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས། སྣེ་ཁྲིད་ཁེ་ལས་བཅས་ཀྱི་མཉམ་ལས་སྟེགས་བུ་འཛུགས་རྒྱུ་ཡིན་ཞེས་གསུངས།

མཛའ་འབྲེལ་དྲ་བ།
010020070840000000000000011100001326912531