གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཀྲུང་ གོའི་ འབྲེལ་ འཕྲིན་ དང་ རང་ སྐྱོང་ ལྗོངས་ སློབ་ གསོ་ ཐིང་ གིས་ འཐབ་ ཇུས་ མཉམ་ ལས་ གྲོས་ མཐུན་ ལ་ མིང་ རྟགས་ བཀོད་ པ།
2013-09-06       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་9པའི་ཚེས་6ཉིན་གནས་ཚུལ་འབྱོར་གསལ། བོད་ཀྱི་སློབ་གྲྭའི་ནང་སྲོལ་རྒྱུན་གྱི“ནག་པང་དང་ས་སྨྱུག”ཟུང་འབྲེལ་གྱི་སློབ་ཁྲིད་བྱ་ཐབས་དེ་སླད་ཀྱི་ལོ་འགའི་ནང“ཆ་འཕྲིན་ཅན་གྱི་རྨང་གཞིའི་སྟེགས་བུ་སྐྲུན་པ་དང་གྲངས་གཞི་ཅན་གྱི་སློབ་སྦྱོང་ཁོར་ཡུག་སྐྲུན་པ། སློབ་གསོའི་ཐོན་ཁུངས་གསར་སྤེལ་ལེགས་སུ་གཏོང་བ་སོགས་ཀྱི་ལས་གྲྭ”ལག་བསྟར་ཤུགས་ཆེན་བྱེད་པ་དང་བསྟུན་ནས་ཁྱོན་ཡོངས་ནས་ལེགས་སུ་འགྲོ་རྒྱུ་རེད།

    བོད་ལྗོངས་འབྲེལ་འཕྲིན་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་འཇོག་པ།

    སྤྱི་ཚེས་6ཉིན། ཀྲུང་གོའི་འབྲེལ་འཕྲིན་བོད་ལྗོངས་ཡན་ལག་ཀུང་སི་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ལྷ་སར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། སླད་ཀྱི་ལོ་འགའི་ནང་ཕྱོགས་གཉིས་པོས་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་ཁྱབ་ཁོངས་ནང་ཕྱོགས་གང་ས་ཅི་ཐད་ཀྱི་མཉམ་ལས་སྤེལ་རྒྱུ་དང་། “འབྲེལ་གསུམ་སྟེགས་བུ་གཉིས”དང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་གསར་སྤེལ་བྱེད་པ་སོགས་ཀྱི་བྱ་ཐབས་ལག་ལེན་བསྟར་བ་བརྒྱུད་བོད་ཀྱི་སློབ་གསོའི་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

      

    ཀྲུང་གོའི་འབྲེལ་འཕྲིན་བོད་ལྗོངས་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་ཡང་ཡུན་ལིན་གྱིས་གསུང་བཤད་གནང་བ།

    གྲོས་མཐུན་གྱི་ནང་དོན་ལ་གཞིགས་ན། ཕྱོགས་གཉིས་པོས་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་གསར་སྤེལ་དང་མཉམ་སྤྱོད། ཉེར་སྤྱོད་བྱེད་པ། སློབ་གསོའི་ཐོན་ཁུངས་ཀྱི་ཐུན་མོང་ཞབས་ཞུའི་སྟེགས་བུ་སྐྲུན་པ། དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་ནུས་པ་སྦྱོང་བརྡར་དང་མཐོ་རུ་གཏོང་བ། སློབ་གསོ་དོ་དམ་ཆ་འཕྲིན་ཅན་གྱི་ཉེར་སྤྱོད་སོགས་ཀྱི་ཁྱབ་ཁོངས་ནང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་རིགས་མི་འདྲ་བའི་རྣམ་པའི་ཐོག་ནས་ཁྱོན་ཡོངས་མཉམ་ལས་སྤེལ་རྒྱུ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001326983741