གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། རིགས་ གཅིག་ མཁས་ ཅན་ སྨན་ བཅོས་ རུ་ ཁག་ གིས་ བོད་ དུ་ གྲིབ་ སྐྱོན་ གྱི་ ནད་ གཞིར་ བརྟག་ དཔྱད་ དང་ འགོག་ བཅོས་ ལས་ དོན་ སྤེལ་ བ།
2013-09-07       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་9ཚེས་6ཉིན་གནས་ཚུལ་འབྱོར་གསལ།(གསར་འགོད་པ་ཧོང་ཤིང)བོད་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གྲིབ་སྐྱོན་ནད་གཞི་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱ་ཆེད། རྒྱལ་ཡོངས་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་ལས་གྲུབ་པའི་སྨན་བཅོས་རུ་ཁག་གིས་ཚེས་5ཉིན་ལྷ་སར་གྲིབ་སྐྱོན་ནད་གཞིར་བརྟག་དཔྱད་དང་འགོག་བཅོས་ལས་དོན་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲིབ་སྐྱོན་ནད་གཞི་བརྟག་དཔྱད་དང་འགོག་བཅོས་ལས་དོན་དེ་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གྲིབ་སྐྱོན་ནད་གཞི་འགོག་བཅོས་འདུ་འགོད་ཨུ་ཡོན་ལྷན་ཁང་གིས“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་བཏོད”སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ནས་ཐུན་མོང་ཐོག་སྤེལ་བ་ཞིག་ཡིན་པ་དང་ཁྱོན་བསྡོམས་རྒྱལ་ཡོངས་ས་ཆ་ཁག་ནས་ཕེབས་པའི་གྲགས་ཅན་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་30ཙམ་སྒྲིག་འཛུགས་བྱས་ནས་གྲིབ་སྐྱོན་ནད་གཞི་བརྟག་དཔྱད་དང་། འགོག་བཅོས་ཀྱི་སྨན་བཅོས་འོས་འགན་བྱེད་སྒོའི་ནང་ཞུགས་ཡོད།

    དེ་སྔོན་རིགས་གཅིག་མཁས་ཅན་སྨན་བཅོས་རུ་ཁག་དེས་གཞིས་རྩེ་ས་ཁུལ་དང་ལྷོ་ཁ་ས་ཁུལ་གྱི་དགོན་པ་དང་ཞིང་འབྲོག་ཁུལ་དུ་ཟབ་སྐྱོད་བྱས་ནས་དགེ་འདུན་པ་དང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འོས་འགན་སྨན་བཅོས་བྱས་པ་དང་མི་ཐེངས་ཁྲི་4000ཙམ་ལ་སྐོར་སྐྱོད་བརྟག་དཔྱད་བྱས་ཤིང་སྨན་རྫས་རིན་ཐང་སྒོར་ཁྲི་100ལྷག་ཙམ་ཞལ་འདེབས་ཕུལ་ཡོད།

    དེ་ཉིན། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གྲིབ་སྐྱོན་ནད་གཞི་འགོག་བཅོས་ཨུ་ཡོན་ལྷན་ཁང་གིས་ད་དུང་བོད་ཀྱི་འཕྲོད་བསྟེན་ཚན་པར་གྲིབ་སྐྱོན་ཕོག་ཚད་མཐོ་བ་དང་ཕོག་ཉེན་ཆེ་བའི་ནད་པར་བརྟག་དཔྱད་དང་ཐེ་ཇུས་རྣམ་གྲངས་ཀྱི་འགྲོ་གྲོན་སྒོར་ཁྲི་36དང་། དེ་བཞིན་བརྟག་དཔྱད་དང་འགོག་བཅོས་ཀྱི་ལག་རྩལ་གསར་པ་ཁྱབ་སྤེལ་གཏོང་བའི་འགྲོ་གྲོན་སྒོར་ཁྲི་12མཁོ་འདོན་བྱས་ཡོད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་གཞོན་པ་གོ་ཀུའོ་ཅིར་ཐི་ཡིས། བོད་ནི་ས་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་མི་འདང་བའི་ས་ཆར་གནས་ཡོད་པ་དང་ཞིང་འབྲོག་མང་ཚོགས་ཚོའི་ལུས་ཁམས་བདེ་ཐང་གི་འདུ་ཤེས་ཅུང་ཞན་པ། ཁོང་ཚོའི་བཟའ་བཅའ་མང་ཆེ་བ་ཚགས་ཤ་དང་ལུག་ཤར་བརྟེན་པ་ལས་ཚལ་རིགས་བཟའ་ཡས་ཉུང་ཉུང་ཡིན་པས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོར་གྲིབ་སྐྱོན་ཕོག་ཚད་དང་ཤི་ཚད། དབང་སྐྱོན་དུ་འགྱུར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། གྲིབ་སྐྱོན་ནད་གཞི་བརྟག་དཔྱད་དང་འགོག་བཅོས་ལས་དོན་དེས་དལ་བའི་རང་བཞིན་གྱི་ནད་རིགས་འགོག་བཅོས་ཚོད་འཛིན་དང་མང་ཚོགས་ཀྱི་བདེ་ཐང་ཁེ་ཕན་སྲུང་སྐྱོང་ཐད་གལ་ཆེའི་ནུས་པ་ཐོན་ཡོད་ཅེས་གསུངས།

མཛའ་འབྲེལ་དྲ་བ།
010020070840000000000000011100001327005911