༄༅།། ལོ་ 3ནང་ བོད་ ཀྱི་ དབུལ་ པོའི་ མི་ འབོར་ ཧ་ ལམ་ ཁྲི་ 37ཙམ་ ཉུང་ དུ་ ཕྱིན་ པ།
 
2013-10-17       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་བྱ་ཐབས་གསར་གཏོད་ཧུར་ཐག་བྱས་པས་ལོ་3ནང་མི་གྲངས་ཁྲི་37ཙམ་གྱིས་དབུལ་པོའི་ཞྭ་མོ་ཕུད་པ་དང་དབུལ་པོའི་མི་འབོར་ཕྱེད་ཀ་ལ་ཉེ་བ་ཉུང་དུ་ཕྱིན་ཡོད།

    རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ལོ་རེའི་ཡོང་འབབ་སྒོར་2300ཡི་དབུལ་པོའི་ཚད་གཞི་གསར་པར་གཞིགས་ན། 2010ལོའི་ལོ་མཇུག་ཏུ་བོད་ཀྱི་དབུལ་པོའི་མི་འབོར་ཁྲི་83.3ཡོད་པ་དང་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་34.42ཟིན་ནས་དབུལ་པོར་འགྱུར་ཚད་རྒྱལ་ཡོངས་ཀྱི་མང་ཤོས་ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཆོས་ཉི་གཡང་འཕེལ་གྱིས། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དང་བོད་ཀྱི་ས་གནས་སྲིད་གཞུང་གིས་དབུལ་སྐྱོར་ཐད་མ་དངུལ་གཏོང་ཚད་ཟམ་མི་ཆད་པར་མང་དུ་བཏང་ཡོད། མིག་སྔའི་བར་བོད་ཀྱི་དབུལ་སྐྱོར་དང་ཞིང་ལས་གསར་སྤེལ་གྱིས་རྒྱལ་ཁབ་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་39.05དོན་འཁྱོལ་བྱས་པ་དང་“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྣམ་གྲངས་ཀྱི་སྤྱིའི་མ་དངུལ་གཏོང་ཚད་ཀྱི་གསུམ་ཆ་གཉིས་ཟིན་ཡོད། ལྷག་དོན་དུ་འདི་ལོ་ནས་བཟུང་། བོད་ཀྱིས་བོད་སྐྱོར་མ་དངུལ་དབུལ་སྐྱོར་ལས་ཀའི་ནང་ཐེ་ཞུགས་བྱ་རྒྱུར་སྐུལ་ལྕག་བྱས་པས་ཚོད་རྩིས་བྱས་ན་ལོ་ཧྲིལ་པོར་དབུལ་སྐྱོར་བྱ་ཡུལ་མི་གྲངས་ཁྲི་12.8ཉུང་དུ་འགྲོ་རྒྱུ་དང་། དབུལ་སྐྱོར་བྱ་ཡུལ་གྱིས་བཟུང་བའི་ཞིང་འབྲོག་ཁུལ་གྱི་སྤྱིའི་མི་འབོར་གྱི་བསྡུར་ཚད་དེ་2012ལོའི་བརྒྱ་ཆ་23.97ནས་བརྒྱ་ཆ་18.73བར་ཉུང་དུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་གནང་།  

མཛའ་འབྲེལ་དྲ་བ།
010020070840000000000000011100001328043241