༄༅།། བོད་ ཀྱི་ ཞིང་ འབྲོག་ པ་ དབུལ་ པོའི་ བདེ་ སྡོད་ ལས་ གྲྭ་ གཞི་ རྩའི་ ཆ་ ནས་ ལེགས་ གྲུབ་ བྱུང་ བ་ དང་ ཧ་ ལམ་ མི་ ཁྲི་ 10ཙམ་ སྡོད་ ཁང་ གསར་ པའི་ ནང་ སྤོས་ པ།
 
2013-10-18       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། 2011ལོར་ལག་བསྟར་བྱས་པའི་བོད་ཀྱི་ཞིང་འབྲོག་པ་དབུལ་པོའི་དུད་ཚང་ཁྲི་2.2ཀྱི་བདེ་སྡོད་ལས་གྲྭ་ཉེ་ཆར་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་ཞིང་འབྲོག་པ་དབུལ་པོ་ཁྲི་10ཙམ་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པ་བྱུང་ཡོད།

    བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཆོས་ཉིད་ཡར་འཕེལ་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ཞིང་འབྲོག་པ་དབུལ་པོའི་བདེ་སྡོད་ལས་གྲར་མ་དངུལ་སྒོར་དུང་ཕྱུར་5.5བཏང་བ་དང་དེ་ནི་“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་བོད་ཀྱི་“དམངས་འཚོའི་དབུལ་སྐྱོར་ལས་གྲྭ་ཆེན་པོ་བརྒྱད་”ཀྱི་གྲས་ཤིག་ཡིན། བོད་ཀྱི་ས་ཁོངས་རྒྱ་ཆེ་བ་དང་ས་ཁམས་ཆགས་ཚུལ་མང་བ་སོགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་བོད་ཀྱི་ས་ཆ་ཁག་གིས་རང་གནས་སུ་བཀོད་སྒྲིག་དང་འབྲོག་པ་གཏན་སྡོད། གཅིག་སྡུད་བཀོད་སྒྲིག་སོགས་ཀྱི་བྱ་ཐབས་བཟུང་ནས་དབུལ་པོའི་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བདེ་སྡོད་རྒྱ་ཁྱོན་ཆེ་རུ་བཏང་བ་དང་སྡོད་ཁང་གི་ཁོར་ཡུག་བཙོག་པ་དང་ཟང་ཟིང་། ཞན་པ། མི་ཕྱུགས་མཉམ་སྡོད་བཅས་ཀྱི་རྣམ་པར་འགྱུར་བ་བཏང་བ། ཞིང་འབྲོག་པ་དབུལ་པོའི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ཡོད་ཅེས་གསུངས།

མཛའ་འབྲེལ་དྲ་བ།
010020070840000000000000011100001328093871