༄༅།། བོད་ ཀྱིས་ དཀའ་ ངལ་ ཡོད་ པའི་ བུད་ མེད་ ཀྱི་ བདེ་ ཐང་ ལ་ མཐོང་ ཆེན་ བྱས་ ཏེ་ རིན་ པ་ མི་ དགོས་ པར་ སྐྲན་ ནད་ གཉིས་ གྲལ་ བཤེར་ བྱས་ པ།
 
2013-11-06       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ལོ་32ལ་སླེབས་པའི་འཛོམས་སྐྱིད་ནི་བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཤིག་གི་སྤྱིར་བཏང་ལས་བཟོ་པ་ཞིག་ཡིན། སྤྱི་ཚེས་5ཉིན། ཁོ་མོས་དགའ་ཚོར་ཆེན་པོའི་སྒོ་ནས་སྨན་ཁང་དུ་བསྐྱོད་དེ་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཉེར་བའི་ལྗོངས་ཡོངས་ཀྱི་དཀའ་ངལ་ཡོད་པའི་བུད་མེད་ལས་བཟོ་པ་དང་ཞིང་པ་ལས་མིར་རིན་པ་མི་དགོས་པར་“སྐྲན་ནད་གཉིས་”(ནུ་མའི་སྐྲན་ནད་དང་མངལ་སྐྲན་)གྲལ་བཤེར་བྱེད་པའི་བྱེད་སྒོའི་ནང་ཞུགས་ཡོད། ཁོང་མོས“དེ་སྔོན་གཟུགས་པོ་བདེ་པོ་མེད་སྐབས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱོད་བསམ་མྱོང་མེད། ད་ཐེངས་གྲལ་བཤེར་བྱེད་སྒོ་གཉེར་བ་དེས་བདེ་ཐང་བརྟག་དཔྱད་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་སོང་”ཞེས་བཤད།

    བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་“དཀའ་ངལ་ཡོད་པའི་བུད་མེད་ལས་བཟོ་པར་གཅེས་སེམས་འཆང་བ་དང་རོགས་སྐྱོར་བྱེད་པའི་”འབོད་སྐུལ་དང་ལེན་བྱས་ཏེ་ཐེངས་འདིའི་བྱེད་སྒོ་གཉེར་ཡོད། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ངལ་རྩོལ་དཔལ་འབྱོར་པུའི་པུའུ་ཀྲང་མཚམས་གཅོད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་བུད་མེད་ལས་བཟོ་པར་“སྐྲན་ནད་གཉིས་”གྲལ་བཤེར་བྱེད་པའི་ལས་ཀ་དེ་2011ལོར་སྤེལ་འགོ་ཚུགས་པ་དང་འདི་ལོའི་གྲལ་བཤེར་ལས་ཀ་དེ་སྤྱི་ཟླ་11པའི་ཚེས་24ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན། ཐེངས་འདིའི་བྱེད་སྒོ་ནི་གཙོ་བོ་ལོ་45མན་གི་སྐྲན་ནད་གཉིས་ཐོན་མང་བའི་ཁྱུ་ཚོགས་ཁྲོད་ཀྱི་དཔལ་འབྱོར་ཆ་རྐྱེན་ཅུང་ཞན་པའི་བུད་མེད་ལས་བཟོ་པ་དང་བུད་མེད་ཞིང་པ་ལས་མིར་དམིགས་པ་དང་བརྟག་དཔྱད་རྣམ་གྲངས་13ཙམ་ཚུད་ཡོད། གྲལ་བཤེར་བྱས་པ་བརྒྱུད། ནུ་མའི་སྐྲན་ནད་དང་མངལ་སྐྲན་ཡོད་པའི་དཀའ་ངལ་ཡོད་པའི་བུད་མེད་ལས་བཟོ་པས་རིམ་པ་གཅིག་པའི་བཟོ་ཚོགས་རོགས་སྐྱོར་ལྟེ་གནས་སུ་ཐེངས་གཅིག་རང་བཞིན་གྱི་རོགས་སྐྱོར་རེ་ཞུ་བྱས་ཆོག་པ་མ་ཟད་རིན་པ་མི་དགོས་པར་སྨན་བཅོས་བྱ་རྒྱུ་ཡིན་པ་རེད།

    མཚམས་གཅོད་ཀྱིས་དཀའ་ངལ་ཡོད་པའི་བུད་མེད་ལས་བཟོ་པ་དང་བུད་མེད་ཞིང་པ་ལས་མིར་ཁྱོན་ཡོངས་ནས་བདེ་ཐང་བརྟག་དཔྱད་འགན་ལེན་བྱ་ཆེད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཀའ་ངལ་ཡོད་པའི་བུད་མེད་ལས་བཟོ་པའི་གཟུགས་པོར་བརྟག་དཔྱད་བྱེད་པའི་གྲོན་དངུལ་ཚད་གཞི་དེ་དེ་སྔའི་སྒོར་350ཡིན་པ་ནས་སྒོར་500བར་མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག་ལོ་མང་རིང་གི་ཚད་གཞི་མཐོ་ཤོས་ཀྱི་ཐེངས་ཤིག་ཡིན་པས་དེའི་ཐོག་ནས་བཟོ་ཚོགས་ཀྱི་རོགས་སྐྱོར་ལས་ཀ་དེ་ལོ་རེ་བཞིན་དཀའ་ངལ་ཡོད་པའི་བུད་མེད་ལས་བཟོ་པ་སོགས་ཉམས་ཞན་ཁྱུ་ཚོགས་ལ་ལྟ་རྟོག་ཆེན་པོ་བྱེད་པ་མཚོན་ཡོད་ཅེས་གསུངས།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་“སྐྲན་ནད་གཉིས་”ཀྱི་གྲལ་བཤེར་ལས་ཀ་དེའི་ནང་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་བུད་མེད་1000བདམས་ཡོད། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཀའ་ངལ་ཡོད་པའི་བུད་མེད་ལས་བཟོ་པ་དང་བུད་མེད་ཞིང་པ་ལས་མིར་གཅིག་གྱུར་རྟགས་མཚན་ཡོད་པའི་གཟུགས་པོའི་བརྟག་དཔྱད་ག་ཤོག་དང་དྲན་སྐུལ་ག་ཤོག དེ་བཞིན་གཟུགས་པོར་བརྟག་དཔྱད་བྱེད་པའི་ཉིན་རེའི་བཀོད་སྒྲིག་རེའུ་མིག་བཅས་བཟོས་ཡོད་པ་མ་ཟད་གཟུགས་པོར་བརྟག་དཔྱད་བྱེད་མཁན་ཡོད་པའི་སྡེ་ཚན་གྱི་བཟོ་ཚོགས་རྩ་འཛུགས་ནས་ཁ་པར་རྒྱག་པ་དང་ཁྱིམ་དུ་བསྐྱོད་ནས་བརྟག་དཔྱད་བྱས་ཏེ་གཟུགས་པོར་བརྟག་དཔྱད་བྱ་ཡུལ་གྱི་ཐོབ་ཐང་གཏན་འཁེལ་ནན་ཏན་བྱེད་དགོས་པ་མ་ཟད་ཆེད་མི་ཐེངས་མང་མངགས་གཏོང་གིས་གཟུགས་པོར་བརྟག་དཔྱད་བྱེད་མཁན་སྨན་ཁང་དང་འབྲེལ་གཏུག་བྱས་ཏེ་གཟུགས་པོར་བརྟག་དཔྱད་བྱེད་པའི་སྤུས་ཚད་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001328637281