༄༅།། ལྷ་ ས་ གྲོང་ ཁྱེར་ གྱི་ དྲོད་ རླངས་ མཁོ་ འདོན་ ལས་ གྲྭ་ སྨི་ གྲུ་ བཞི་ མ་ ཁྲི་ 780ལེགས་ གྲུབ་ བྱ་ རྒྱུ་ ཡིན་ པ།
 
2013-11-17       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་ཚོད་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་47ཙམ་བཏང་ནས་གྲོང་མིའི་ཁུལ་ཆུང་དང་དེ་བཞིན་སྤྱི་པའི་འཛུགས་སྐྲུན་ཚན་པ་510དང་། དུད་ཚང་63000 གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི་780བཅས་ཀྱི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོ་འཁོར་དུ་ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་བྱས་པར་གྲོང་མིའི་ཁུལ་ཆུང་དང་དེ་བཞིན་སྤྱི་པའི་འཛུགས་སྐྲུན་ཚན་པ་144དང་། དུད་ཚང་43000 གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི་520ལེགས་གྲུབ་ཟིན་པ་དང་། འབར་རླངས་སྦུག་ལམ་ཨ་མ་དང་ཡན་ལག་སྤྱི་ལེ་58བཏིང་བ། སྦུག་ལམ་ཡན་ལག་སྤྱི་ལེ་121བཏིང་བ་བཅས་བྱས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་29.4བཏང་ཡོད་པ་རེད། གྲོང་མིས་ལབ་གླེང་མང་པའི་དྲོད་རླངས་ཀྱི་རིན་གོང་ཅུང་མཐོ་དྲགས་པའི་གནད་དོན་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་གྱིས་མི་སྣ་སྒྲིག་འཛུགས་བྱས་ནས་དྲོད་རླངས་མཁོ་འདོན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་གི་ཡོང་འབབ་དང་། དྲོད་རླངས་མཁོ་འདོན་གྱི་འགྲོ་གྲོན། དྲོད་ལེན་དུས་ཚོད་སོགས་གནད་དོན་ལ་དམིགས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པ་དང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་མཐིལ་རྟོགས་བརྟག་དཔྱད་བྱེད་པར་བཏང་སྟེ་ཁ་གསབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་གྲོས་འགོ་ཞིབ་འཇུག་བྱས་ནས་འདོན་རྒྱུ་ཡིན་པ་རེད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དྲོད་རླངས་མཁོ་འདོན་ལས་གྲྭ་བདེ་བླག་ངང་འཛུགས་སྐྲུན་བྱ་ཕྱིར་བཀོད་འདོམས་པུའུ་ཡི་འོག་ཏུ་དྲོད་རླངས་མཁོ་འདོན་མ་ལག་གི་ལག་རྩལ་བློ་འདྲི་དང་ཇུས་འགོད་དང་དེ་བཞིན་དཔེ་རིས་དོ་དམ་དང་། རྒྱུ་ཆ་མཁོ་འདོན། ལྟ་སྐུལ་ཞབས་ཞུ། ཕྱི་འབྲེལ་མཐུན་སྦྱོར་སོགས་ཞབས་ཞུའི་ཚོགས་ཆུང་དྲུག་བཙུགས་ཏེ་ལས་གྲྭ་འཛུགས་སྐྲུན་བྱེད་རིང་གི་ལྷུ་ཚིགས་གལ་ཆེན་ལ་དུས་ཐོག་ཏུ་ཞབས་འདེགས་ཞུས་ནས་ལས་གྲྭ་དེ་ལས་ཕྱོད་ཆེ་བའི་ངང་འཁོར་སྐྱོད་ཐུབ་རྒྱུའི་འགན་ལེན་བྱེད་ཀྱི་ཡོད་པ་རེད། དུས་མཚུངས་འཛད་སྤྱོད་པར་ཞབས་འདེགས་གང་ལེགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཚོར་སེམས་རྩ་འཁོལ་བའི་ངང་ཞབས་འདེགས་གང་ལེགས་ཞུ་བ་དང་གྲོང་མིས་དུས་རྒྱུན་དྲོད་རླངས་བདེ་འཇགས་ངང་བེད་སྤྱོད་གཏོང་བའི་གནད་དོན་ཐག་གཅོད་བྱ་ཕྱིར་ལྷ་ས་གྲོང་ཁྱེར་གྱི་འབར་རླངས་ཚ་ནུས་ཀུང་སིས་ཆེད་མི་བཀོད་སྒྲིག་བྱས་ནས་འགྲེལ་བཤད་རྒྱག་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001328949231