༄༅།། བོད་ ཀྱི་ དུད་ ཁྱིམ་ དབུལ་ པོ་ 6000ཁང་ གླ་ ཁེ་ བའི་ ཁང་ པར་ སྡོད་ ཐུབ་ རེ་ ཡོད་ པ།
 
2013-11-17       གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོར་བོད་ཀྱིས་ཁང་གླ་ཁེ་བའི་ཁང་པ་6000སྤྱིར་ན་གསར་དུ་བསྐྲུན་ཟིན་པ་དང་ལོའི་ནང་ཚུན་དུ་སྔ་རྗེས་སུ་སྡོད་རྒྱུར་བཀོད་སྒྲིག་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོར་བོད་ཀྱིས་ས་ཁུལ(གྲོང་ཁྱེར)7དང་རྫོང(གྲོང་ཁྱེར་དང་ཆུས)74རུ་ཁང་གླ་ཁེ་བའི་ཁང་པ་6000གསར་དུ་བསྐྲུན་ཟིན་ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་7བཏང་བར། བཟོ་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་30ཟིན་པ་དང་སྔ་རྗེས་སུ་སྡོད་རྒྱུར་བཀོད་སྒྲིག་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་ཁང་གླ་ཁེ་བའི་སྡོད་ཁང་གི་ཆ་རྐྱེན་དང་འཚམ་པའི་མི་1དུད་ཁྱིམ་དང་མི་2དུད་ཁྱིམ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་སྡོད་ཁང་བོགས་གཏོང་ཁ་གསབ་སྤྲད་པར་བརྟེན་ནས་སྡོད་ཁང་འགན་ལེན་ཁྱབ་ཁོངས་སུ་བཅུག་པ་དང་2013ལོར“འགན་ལེན་བྱེད་དགོས་རིགས་གང་ཐུབ་བྱེད་པའི”དམིགས་ཚད་སྤྱིར་ན་མངོན་དུ་གྱུར་ཡོད། སྔོན་དཔག་ལས་རྟོགས་ཐུབ་པ་སྟེ། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལམ་ལུགས་སྒྱུར་བཅོས་རྒྱུན་མི་ཆད་པར་ཟབ་གཏོང་དང་ཁང་གླ་ཁེ་བའི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་སྤེལ་ཟམ་མི་ཆད་པར་བཏང་བ་དང་བསྟུན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་ཁག་གཅིག་ལ་དམངས་བརྩེ་དང་དམངས་ཕན་གྱི་སྲིད་ཇུས་བཟང་པོ་འདི་ལས་ཕན་པ་ཐོབ་ནས“སྡོད་སའི་ཁང་པ་ཡོད་པར”རིམ་གྱིས་འགྱུར་ངེས་རེད།

    རིམ་པ་མང་པོའི་སྡོད་ཁང་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་བོད་ཀྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་གཞི་རྩའི་སྡོད་ཁང་གི་དགོས་མཁོར་འགན་ལེན་བྱུང་བ་དང་། གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཡུལ་མིའི་སྡོད་ཁང་ཆ་རྐྱེན་ལེགས་སུ་སོང་བས་སྲིད་གཞུང་གིས་མི་ཚོགས་དབུལ་པོར་སེམས་ཁུར་བྱེད་ལུགས་མཚོན་ཞིང་། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་བཅོས་དང་། ཉམ་ཆུང་དང་དབུལ་པོར་རོགས་སྐྱོར། ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བཅས་ཐད་གཞོལ་བའི་མཚོན་ཚུལ་གལ་ཆེན་ཞིག་དང་དམངས་འཚོའི་གནད་དོན་གལ་ཆེན་ཞིག་རེད། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྱོང་བྱེད་མགྱོ གས་སུ་བཏང་བ་དེས་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་བསྐྲུན་མགྱོ གས་སུ་གཏོང་བ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་མཐུན་བྱེད་ཐབས་ཤིག་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001328949341