༄༅།། བོད་ ཀྱི་ དམངས་ ཕན་ བྱ་ ཐབས་ ཆེན་ པོ་ བཅུ་ ཤེས་ རྟོགས་ བྱ་ དེབ ལ་ རྒྱ་ ཁྱབ་ ངང་ གདེང་ འཇོག་ ཡག་ པོ་ ཐོབ་ པ།
 
2013-11-17       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཇི་ལྟར་བྱས་ནས་རིགས་པའི་གཞུང་ལུགས་མང་ཚོགས་དང་ཉེ་བཅར་བྱེད་པ་དང་། མང་ཚོགས་ཁྲོད་བསྐྱོད་པ། མང་ཚོགས་ཀྱིས་ཁོང་དུ་ཆུད་པ་བྱེད་པ་བཅས་ནི་དེང་སྐབས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་འཕྲད་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་རིགས་པའི་གཞུང་ལུགས་མང་ཚོགས་ཅན་དུ་འགྱུར་བའི་བྱ་ཐབས་གསར་གཏོད་དང་སྤེལ་ནས་དང་ཐོག་རིགས་པའི་གཞུང་ལུགས་ཀྱི་གླེང་མང་བའི་བརྗོད་བྱ་ངོ་ཐུག་གདོང་འཕྲད་བྱེད་པའི་རྣམ་པའི་ཐོག་ནས《ཕན་པ་གང་དུ་ཡོད་པ་དང་ཕན་པ་གང་ནས་བྱུང་—བོད་ཀྱི་དམངས་ཕན་བྱ་ཐབས་ཆེན་པོ་བཅུ་ཤེས་རྟོགས་བྱ་དེབ》རྩོམ་འབྲི་བྱ་རྒྱུ་སྒྲིག་འཛུགས་བྱས་པ་རེད། དེབ་དེ་དང་ཐོག་འགྲེམས་སྤེལ་བྱ་སྐབས་ཁྲི་10ཟིན་པའི་ནང་རྒྱ་ཡིག་དེབ་ཁྲི་5དང་བོད་ཡིག་དེབ་ཁྲི་5ཡོད་པ་དང་དུས་ཚོད་ཟླ་བ་2ནང་རང་སྐྱོང་ལྗོངས(ཀྲུང་དབྱང་)ཀྱི་ཐད་གཏོགས་ཚན་པ་ཁག་དང་། ས་ཁུལ(གྲོང་ཁྱེར)7 རྫོང(གྲོང་ཁྱེར་དང་ཆུས)74 ཤང(གྲོང་རྡལ་དང་ཁྲོམ་གཞུང་དོན་གཅོད་ཁང)692 གྲོང་ཚོ(གྲོང་ལྷན)5464བཅས་སུ་སྤྲད་པ་དང་ཏང་ཡོན་ལས་བྱེད་པ་དང་། ཞིང་འབྲོག་མང་ཚོགས། ཁེ་ལས་ཀྱི་ལས་བཟོ། སློབ་གྲྭ་ཆེ་མོ་བ་དང་ཆེད་ལས་སློབ་ཆེན་གྱི་སློབ་མ། དགོན་སྡེའི་གྲྭ་བཙུན་སོགས་ཚོགས་སྤྱིར་ཁྱབ་ནས་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཐོག་རྒྱ་ཆེའི་ཀློག་པ་པོའི་ཡོངས་ཁྱབ་དོ་སྣང་དང་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད། སྐབས་ཤིག་རིང་དེབ་དེ་ཏང་གི་དྲིན་ཚོར་བའི་སློབ་གསོའི་དྲིལ་བསྒྲགས་དེབ་དང་།ལས་བྱེད་པ་གྲོང་གསེབ་ཏུ་བསྐྱོད་པའི་ཚིག་མཛོད། ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བའི་ཡོངས་བསྒྲགས་གཱ་བཅས་སུ་གྱུར་ནས་གངས་ལྗོངས་ས་མཐོར་རིགས་པའི་གཞུང་ལུགས་འཚང་ཁ་ཤིག་ཤིག་ངང་སློབ་སྦྱོང་བྱེད་པའི་དར་སྲོལ་ཞིག་ཆགས་ཡོད་པ་རེད།

    《ཕན་པ་གང་དུ་ཡོད་པ་དང་ཕན་པ་གང་ནས་བྱུང་—བོད་ཀྱི་དམངས་ཕན་བྱ་ཐབས་ཆེན་པོ་བཅུ་ཤེས་རྟོགས་བྱ་དེབ》མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་སྣང་བྱེད་པའི་སྡོད་སའི་ཁང་པ་ཡོད་པ་དང་། ཞིང་དུད་ལ་རིགས་བརྒྱད་བཟོ་ཁྲིད། ཟོག་གོང་ཚོད་འཛིན་བརྟན་གནས། ལས་ཞུགས་སྲིད་ཇུས། སྤྱི་ཚོགས་འགན་སྲུང་། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བ། སྨན་བཅོས་འཕྲོད་བསྟེན། དམངས་ཕན་ཉེན་དོན། རྨང་བརྟན་དམངས་ཕན། ཞི་མཐུན་དགོན་སྡེ་བཅས་ཕྱོགས་བཅུའི་ཐད་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་རིགས་པའི་གཞུང་ལུགས་དང་། སྲིད་ཇུས །དངོས་ཡོད་བཅས་ཀྱི་ཟུར་ཚད་ཐོག་ནས་བརྒྱུད་རིམ་ལྡན་ལ་གཏིང་ཟབ་ཀྱི་སྒོ་ནས་འཆད་འགྲེལ་བྱས་ཡོད་པ་རེད། དེབ་དེའི་ནང་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དོན་དངོས་དང་འཚམས་པའི་སྒོ་ནས་སྐད་ཆ་ཤོད་པ་དང་། དཔེ་མཚོན་དྲངས་ནས་སྐད་ཆ་ཤོད་པ། མང་ཚོགས་ཀྱི་ཚོར་བ་དངོས་དང་བསྟུན་ནས་སྐད་ཆ་ཤོད་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལ་མི་ཚོས་གོ་བ་ལེན་པ་དང་ངོས་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    དེབ་ནང་བཏོན་པའི་གནད་དོན་ཚང་མ་ནི་གཏམ་རྒྱུད་ཐུང་ངུ་ནས་སྒོ་བཙུགས་ཏེ་བཤད་པ་དང་སྤྱི་ཚོགས་འཚོ་བའི་ནང་གི་ཞིབ་ཕྲའི་བྱ་བ་ནས་འགོ་བཙུགས་ཏེ་མི་སེར་གྱི་ལངས་ཕྱོགས་ཐོག་དངོས་འབྲེལ་ལངས་ནས་གནད་དོན་ལ་ལྟ་སྟངས་འཛིན་པ་དང་དབྱེ་ཞིབ་བྱས་ནས“གཞུང་ཕྱོགས་ཀྱི་སྐད་ཆ”དེ“མང་ཚོགས་ཀྱི་སྐད་བརྡར”འགྱུར་བ་དང“གཞི་རྩའི་རིག་པ”དེ“རྒྱུན་ཤེས་ཀྱི་གནས་ལུགས་སུ”འགྱུར་བ་བྱས་ནས་རིགས་པའི་གཞུང་ལུགས་དེ་མང་ཚོགས་ཀྱི་སེམས་ལ་དངོས་འབྲེལ་ཟུག་པ་བྱས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001328949371