༄༅།། བོད་ ལྗོངས་ བྱམས་ པ་ གླིང་ དགོན་ གྱི་ ཉམས་ གསོའི་ སྲུང་ སྐྱོང་ ལས་ གྲྭ་ མི་ རིང་ བར་ མཇུག་ འགྲིལ་ རྒྱུ་ ཡིན་ པ།
 
2013-11-25       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། གསར་འགོད་པས་ཉིན་ཤས་གོང་བོད་ལྗོངས་ཆབ་མདོ་ས་ཁུལ་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། སྤྱིའི་མ་དངུལ་གཏོང་ཚད་སྒོར་ཁྲི་9378ཟིན་པའི་བྱམས་པ་གླིང་དགོན་གྱི་ཉམས་གསོའི་སྲུང་སྐྱོང་ལས་གྲྭ་དེ་མིག་སྔར་མཇུག་འགྲིལ་ལ་ཉེ་བ་དང་སྔོན་དཔག་བྱས་ན་ཟླ་བ་12པའི་ཟླ་མཇུག་སྐབས་ཚང་མ་མཇུག་འགྲིལ་རྒྱུ་ཡིན། སྐབས་དེ་དུས་ཡུལ་སྐོར་བ་རྣམས་ཀྱིས་རིན་པ་མི་དགོས་པར་དགེ་ལུགས་པའི་གནའ་དགོན་དེའི་ཉམས་འགྱུར་མིག་གིས་ལོངས་སྤྱོད་བྱས་ཆོག་གི་ཡོད་པ་རེད།

    བྱམས་པ་གླིང་དགོན་གྱི་ཉམས་གསོའི་སྲུང་སྐྱོང་ལས་གྲྭའི་སྤྱི་གཉེར་བ་ཝང་ལེང་གོས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཉམས་གསོའི་སྲུང་སྐྱོང་ལས་གྲྭ་དེ་དུས་མཚམས་གཉིས་སུ་ཕྱེ་བ་དང་། དུས་མཚམས་དང་པོའི་ལས་གྲྭ་ནི་“གནའ་བོའི་བཟོ་སྐྲུན་གཙོ་བོར་ཉམས་གསོ་”བྱ་རྒྱུ་དང་། དུས་མཚམས་གཉིས་པའི་ལས་གྲྭ་ནི་“དགོན་པའི་ཁོར་ཡུག་ལེགས་སུ་”གཏོང་རྒྱུ་དེ་ཡིན། ཨར་སྐྲུན་གྱི་འགོ་ནས་མཇུག་བར་“གནའ་ཉམས་མི་ཤོར་བའི་”རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཡོད། མིག་སྔར་དུས་མཚམས་དང་པོའི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་པ་དང་དུས་མཚམས་གཉིས་པའི་ལས་གྲྭའི་བརྒྱ་ཆ་90ལེགས་གྲུབ་ཟིན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001329166121