༄༅།། བོད་ ལྗོངས་ ཀྱི་ ལས་ བྱེད་ པ་ ཁྲི་ ཁ་ ཤས་ ཀྱིས་ མུ་ མཐུད་ གྲོང་ ཚོར་ བཅའ་ སྡོད་ བྱས་ ནས་ ཏང་ དང་ མང་ ཚོགས་ དབར་ འབྲེལ་ ཟམ་ བཙུགས་ པ།
 
2013-11-27       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། 2011ལོའི་ཟླ་10པར་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བ་ནས་བཟུང་བོད་ཀྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁྲི་4ཡིས་སྔ་རྗེས་སུ་ཁག་གཉིས་བགོས་ཏེ་གཞི་རིམ་དུ་བསྐྱོད་ནས་དམངས་ཀྱི་སེམས་ཁྲལ་མེད་པར་བཟོ་བ་དང་། དམངས་ཀྱི་དཀའ་ངལ་སེལ་བ། དམངས་ལ་ཕྱུག་འགྱུར་བྱེད་རོགས་བཅས་བྱས་ནས་ཏང་དང་མང་ཚོགས་དབར་གྱི་འབྲེལ་ཟམ་བཙུགས་པ་དང་འདི་ལོ་སླར་ཡང་ལས་བྱེད་པ་ཁྲི་2ལྷག་ཙམ་འབྲེལ་ཟམ་བརྟན་དུ་གཏོང་ཆེད་གྲོང་ཚོར་བཅའ་སྡོད་བྱ་རྒྱུ་རེད།

    ཚེས་24ཉིན་བོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་གཉིས་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་གསུམ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཁག་གསུམ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་དམངས་ལ་བྱ་བ་དངོས་མང་ཙམ་བསྒྲུབས་ནས་ཏང་ཀྲི་པུའུ་ལྟེ་བར་བྱས་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ལ་ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་ཅིག་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཁག་གཉིས་པའི་བོད་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དེ་ཞིང་འབྲོག་ཁུལ་ཚང་མར་བརྒྱུད་བསྒྲགས་བྱས་ཏེ་མགྱོ གས་མྱུར་དོན་སྨིན་ཐུབ་པའི་ཐོན་ལས་རྣམ་གྲངས་ཁྲི་1.2ལྷག་ཙམ་དང་སྒོར་དུང་ཕྱུར་12.5ལྷག་ཙམ་སྔ་རྗེས་སུ་དོན་འཁྱོལ་བྱས་པ་དང་། དངོས་སྤྱོད་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི་3.8བྱས་པ།མཉམ་ལས་དཔལ་འབྱོར་རྩ་འཛུགས་2724བཙུགས་པ། ངལ་ནུས་ཕྱིར་གཏོང་མི་ཁྲི་49.2སྒྲིག་འཛུགས་བྱས་པ། མང་ཚོགས་ཀྱི་ཐད་ཀའི་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་5.94མང་དུ་ཕྱིན་པ་བཅས་བྱས་ཡོད་པ་རེད།

    “ངས་མུ་མཐུད་གྲོང་ཚོར་བཅའ་སྡོད་བྱེད་འདོད་ཡོད་ལ་ངས་ཕྱི་ལོ་བར་བཅའ་སྡོད་ལས་གནས་བརྟན་སྲུང་བྱས་ཏེ་ལས་འཁྱུར་ངལ་གསོ་བྱ་རྒྱུ་ཡིན” ཁག་གཉིས་བསྟུད་མར་གྲོང་ཚོར་བསྡད་པའི་མཐུ་སྟོབས་བཟང་པོ་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དུང་མཚོ་ཤང་སེ་རིལ་མགོ་ལེབ་གྲོང་ཚོར་བཅའ་སྡོད་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་བྱེད་པ་ཡིན་པ་དང་འདི་ལོ་ལོ་59ལ་སླེབས་ཡོད། ཁོང་གིས་གྲོང་ཚོའི་ནང་གི་དབུལ་པོའི་གནས་ཚུལ་མཐོང་མ་ཐག་སེམས་ནང་གཡོ་འགུལ་ཆེན་པོ་ཐེབས་པ་དང་མང་ཚོགས་ལ་བྱ་བ་སྒྲུབ་སེམས་ཀྱི་ཚོར་སྣང་བྱུང་ཞེས་བཤད།

    ལོ་གཉིས་ལྷག་ཙམ་ནང་མཐུ་སྟོབས་བཟང་པོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཙམ་ཡོད་པའི་སེ་རིལ་མགོ་ལེབ་གྲོང་ཚོར་རྒན་རྒོན་ཆགས་རྗེས་བུ་མོ་གྲོངས་པའི་གྲོང་མི་འབྲུག་རྒྱལ་གྱི་སེམས་ཁྲལ་སེལ་བ་དང་ཁོང་གི་ཚ་མོ་སློབ་གྲྭར་འགྲོ་དགོས་པའི་སློབ་གསོ་བརྒྱབ་པ་མ་ཟད་ད་དུང་གྲོང་ཚོའི་ནང“ཤྭ་བ་གངས་འཇམ་དཔལ་འབྱོར་མཉམ་ལས་ཁང”འཛུགས་རོགས་བྱས་ནས་ཡོང་འབབ་སྒོར་ཁྲི་18.9བྱུང་བ་རེད། མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་མདུན་དུ་འབྲོག་པ་མང་ཚོགས་ཚོས་དགའ་བའི་འཛུམ་མདངས་སྟོན།

    ཉིང་ཁྲི་རྫོང་ཐང་སྟེང་གྲོང་ཚོའི་ལོ་83ལ་སོན་པའི་མི་ཧྲེང་རྒན་རྒོན་བུ་རྒོད་ལ་ལོ་འགོར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྤྲད་པའི་སྲིང་བལ་སྟོད་གོས་ཤིག་རག་པས་གནམ་གཤིས་དྲོ་རུ་སོང་ཡང་ཕུད་འདོད་བྱེད་ཀྱི་མེད།“འདི་ནི་ལས་དོན་རུ་ཁག་གིས་ང་ལ་སྟེར་བ་ཞིག་ཡིན་པས་ངས་མང་ཙམ་གྱོ ན་ནས་ལས་དོན་རུ་ཁག་གིས་ང་ཚོ་མི་སེར་གྱི་བདེ་སྡུག་ལ་ཐུགས་ཁུར་དེ་ལྟ་བུ་བྱེད་པ་ཚང་མར་ཤེས་སུ་འཇུག་འདོད་འདུག”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གཉིས་པས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་4.66བཏང་ནས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་ཁྲི་58.5ལྷག་ཙམ་བསྒྲུབས་པ་དང་། མང་ཚོགས་ཁྲི་8.5ལ་ལས་ཞུགས་དང་ལས་ཞུགས་བསྐྱར་མ་བྱེད་རོགས་བྱས་པ། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་35.3ལྷག་ཙམ་ལ་འཚམས་འདྲི་ཞུས་པ། སྒོར་ཁྲི་8822ལྷག་ཙམ་རི་བའི་འཚམས་འདྲིའི་དངུལ་དང་དངོས་པོ་སྤྲད་པ་བཅས་བྱས་པས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་ཞིང་འབྲོག་ཁུལ་གྱི་དུད་ཚང་ཁྲི་སྟོང་མང་པོར་ཚོར་ཐུབ་པ་བྱུང་བ་རེད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གསུམ་པས“སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དུད་ཚང་ཁྲིར་དྲིལ་བསྒྲགས་བྱེད་པའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་པའི་འཕེལ་རྒྱས་འདུ་ཤེས་དང་ཁྲོམ་རའི་འདུ་ཤེས་ལ་ཁྲིད་སྟོན་བྱེད་པ་དང་བཅའ་སྡོད་བྱེད་ཡུལ་གྲོང་ཚོར(ཡུལ་ལྷན)མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རོགས་བྱས་ནས་ལས་ཞུགས་དང་། སྨན་བཅོས། སློབ་ཞུགས། འགྲོ་ལམ་དང་གློག་ཤར་གཏོང་སོགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་ཧུར་ཐག་བྱེད་རོགས་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་ཀའི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱ་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་དེ་ལས་བྱེད་པ་གསོ་སྐྱོང་བྱེད་པའི་སྟེགས་བུ་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་དང་གྲོང་ཚོར་བཅའ་སྡོད་ལས་ཀའི་ཉམས་མྱོང་དེ་ལས་བྱེད་པ་བསྐོ་གཞག་དང་བཀོལ་སྤྱོད་བྱེད་པའི་ཆ་རྐྱེན་གལ་ཆེན་དུ་བརྩིས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་པོ་དང་གཉིས་པའི་ཁྲོད་ཀྱི་ཕུལ་བྱུང་ལས་བྱེད་པ་ལས་གནས་གལ་ཆེ་སར་བསྐོ་གཞག་བྱ་རྒྱུ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001329217801