༄༅།། ལྷ་ སས་ རྒྱལ་ གཅེས་ ཁྲིམས་ སྲུང་ གི་ སྔོན་ ཐོན་ གྲྭ་ བཙུན་ ཆིག་ སྟོང་ ལྷག་ ཙམ་ ལ་ གཟེངས་ བསྟོད་ བྱས་ པ།
 
2013-11-27       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། སྤྱི་ཚེས་26ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་འབྲས་སྤུངས་དགོན་སོགས་དགོན་པ་18ལ་“ལྷ་ས་གྲོང་ཁྱེར་གྱི་2013ལོའི་ལོ་སྨད་ཀྱི་ཞི་མཐུན་དཔེ་བཟང་དགོན་པ་”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། བསྟན་འཛིན་སྐལ་བཟང་སོགས་གྲྭ་བཙུན་1711ལ་“ལྷ་ས་གྲོང་ཁྱེར་གྱི་2013ལོའི་ལོ་སྨད་ཀྱི་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་ཡོད།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་རྒྱལ་སྡེ་དགོན་གྱི་དགེ་འདུན་པ་ངག་དབང་བཟང་པོས། ཉེ་བའི་ལོ་ཤས་རིང་ང་ཚོ་གྲྭ་བཙུན་ཆེད་རིན་པ་མི་དགོས་པར་ལུས་པོར་བརྟག་དཔྱད་དང་བདེ་ཐང་ཡིག་ཚགས་བཟོས་པ་མ་ཟད་སྒྲིག་ཁོངས་ནང་གི་གྲྭ་བཙུན་རྣམས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་རྟེན་འགན་ལེན་སོགས་དགོན་པ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་ལོངས་སྤྱོད་ཐུབ་པ་དང་དེས་ང་ཚོ་གྲྭ་བཙུན་རྣམས་ནས་བློ་སེམས་སྔར་བས་བདེ་བའི་སྒོ་ནས་སློབ་སྦྱོང་དང་འཚོ་བ་བསྐྱལ་ཐུབ་པ་བྱུང་སོང་། དེ་ནི་རྒྱལ་ཁབ་ཀྱིས་ང་ཚོ་གྲྭ་བཙུན་རྣམས་ལ་ཐུགས་ཁུར་གནང་བའི་ཞིབ་ཕྲའི་མངོན་ཚུལ་ཞིག་ཡིན་པས་རང་ཉིད་བློ་ཡིད་ཚིམས་པར་གྱུར་སོང་ཞེས་བརྗོད།

    འདམ་གཞུང་རྫོང་རྡོ་རྗེ་གླིང་དགོན་གྱི་བཙུན་མ་ཀརྨ་ཤེས་རབ་དབང་མོས་གསར་འགོད་པར་“2011ལོར་དགོན་པའི་དམངས་བདག་ཨུ་ཡོན་ལྷན་ཁང་བཙུགས་ཚུན་དགོན་པར་བཅའ་སྡོད་ལས་བྱེད་པས་ང་ཚོའི་ཆེད་དུ་བྱ་བ་ཧ་ཅང་མང་པོ་བསྒྲུབས་པ་དང་ཆབས་ཅིག་ཏང་དང་སྲིད་གཞུང་གིས་ང་ཚོ་གྲྭ་བཙུན་རྣམས་ཀྱི་ཆེས་དོ་ཁུར་དང་། ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་གནད་དོན་ཤེས་རྟོགས་ཐུབ་ཡོད། འདི་ལོ་རང་ཉིད་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་བདམས་ཐོན་བྱུང་བས་རང་ཉིད་ནས་ལས་ཀ་ཡག་པོ་མུ་མཐུད་བྱ་རྒྱུ་མ་ཟད་རྒྱ་ཆེའི་གྲྭ་བཙུན་རྣམས་ནས་དེང་གི་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་དེ་ལྟ་བུ་གཅེས་འཛིན་བྱེད་དགོས་པ་དར་སྤེལ་བྱ་རྒྱུ་ཡིན་”ཞེས་བརྗོད།

    དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་དགོན་པའི་དོ་དམ་ལས་ཀའི་ཁྲོད་མངོན་ཚུལ་ལེགས་པའི་ནཱ་ལེནྡྲ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་སོགས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་11དང་། དཔལ་ལྡན་གཡང་འཕེལ་སོགས་དགོན་པར་བཅའ་སྡོད་ལས་བྱེད་པ་68ལ་གཟེངས་བསྟོད་བྱས་ཤིང་ཁག་སོ་སོར་“ལྷ་ས་གྲོང་ཁྱེར་གྱི་2013ལོའི་ལོ་སྨད་ཀྱི་སྔོན་ཐོན་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་”དང་“ལྷ་ས་གྲོང་ཁྱེར་གྱི་2013ལོའི་ལོ་སྨད་ཀྱི་ཕུལ་དུ་བྱུང་བའི་དགོན་པའི་བཅའ་སྡོད་ལས་བྱེད་པའི་”གཟི་བརྗིད་མཚན་སྙན་སྤྲད་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001329228721