༄༅།། བོད་ ཀྱིས་ མཐའ་ མཚམས་ སུ་ ཁྲིམས་ ལུགས་ ཁྱབ་ གདལ་ གཏོང་ ཤུགས་ ཆེ་ རུ་ བཏང་ བ།
 
2013-12-06       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། སྤྱི་ཚེས་4ཉིན་བོད་ཀྱི་སྡེ་ཚན་མང་པོ་ཞིག་གིས་ལྷ་སར“ཁྲིམས་སྐྱོང་གི་སྙིང་སྟོབས་ཤུགས་ཆེན་སྤེལ་ནས་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མཐའ་མཚམས་སུ་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།

    བོད་ལྗོངས་མཐའ་མཚམས་འགྲོ་འོང་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་ཅུས་ཀྱི་དྲིལ་བསྒྲགས་བྱ་ཡུལ་དུ་ལས་དོན་པས་དེ་གའི་གྲོང་མིར《མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་གྱིས་འཁྱེར་བའི་དངོས་ཟོག་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་དོ་དམ་བྱ་ཐབས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐའ་མཚམས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་ནད་ཡམས་ཞིབ་བཤེར་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐའ་མཚམས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་དངོས་ཟོག་ཞིབ་བཤེར་བཅའ་ཁྲིམས》སོགས་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་ལག་དེབ་སྤྲོད་པ་གསར་འགོད་པས་མཐོང་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་མཐའ་མཚམས་ཉོ་ཚོང་གི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་མཐའ་མཚམས་ཉོ་ཚོང་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ཡོད། གྲངས་གཞིའི་ཐོག་ནས་མངོན་པར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་འགག་སྒོའི་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་12.2དང་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི་12.8ཟིན་ཡོད་པ་རེད།

    བོད་ཀྱི་མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་སོང་བ་དང་སྦྲགས་མཐའ་མཚམས་ས་ཁུལ་གྱི་མ་དངུལ་འཁོར་རྒྱུག་བྱེད་ཚད་ཀྱང་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཞིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་འགོ་འཛིན་བསྟན་ཆོས་ཀྱིས་མཐའ་མཚམས་ས་ཁུལ་གྱི་དངུལ་གཏོང་སྤྲོད་དང་རྩིས་རྒྱག་བྱ་རྒྱུ་ནི་མི་དམངས་དངུལ་ཁང་གི་ལས་དོན་གཙོ་བོའི་གྲས་ཤིག་ཡིན་པས་ད་རེས་དངུལ་རྩའི་སྐོར་གྱི་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་པ་བརྒྱུད་ཕྱི་རྒྱལ་གྱིས་མ་འཇོག་བྱས་པའི་ཁེ་ལས་ཀྱིས་མཐའ་མཚམས་ས་ཁུལ་དུ་དངུལ་གཏོང་སྤྲོད་དང་རྩིས་རྒྱག་སྐོར་ལ་འཛིན་པའི་ཁྲིམས་ལུགས་འདུ་ཤེས་ཟབ་ཏུ་ཕྱིན་ནས་རང་ངོས་ཀྱི་མ་རྩའི་བདེ་འཇགས་ལ་འགན་ལེན་ཐུབ་པའི་རེ་བ་ཡོད་ཅེས་བཤད།

    ཐེངས་འདིའི་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་ནི་བོད་ཀྱི་མཐའ་མཚམས་འགྲོ་འོང་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་ཅུས་དང་། ལྷ་ས་འགག་སྒོ མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་། ལྗོངས་སྤྱི་བདེ་ཐིང་སོགས་ཚུད་པའི་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཚན་པ་72དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་ཁོངས་ཀྱི་སྡེ་ཚན་60བཅས་ཀྱིས་སྤེལ་བ་ཞིག་རེད།   

མཛའ་འབྲེལ་དྲ་བ།
010020070840000000000000011100001329461351