གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། རྒྱལ་ ཡོངས་ མི་ དམངས་ འཐུས་ ཚོགས་ བོད་ ཀྱི་ སྐུ་ ཚབ་ ཚོགས་ པས་ སི་ ཕེན་ དུ་ འཚམས་ འདྲི་ གནང་ བ།
2013-12-15       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    མ་ཏེ་རིར་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཚེས་11ཉིན་སི་ཕེན་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་པ་ལུའེ་ལུའོ་དང་སི་ཕེན་ཕྱི་འབྲེལ་པུའུ་ཨ་ཧྥེ་རི་ཁ་བྱང་མ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་སིའི་སི་ཀྲང་སུའུ་ལུའུ་ཨའེ་ཐ་སོགས་དང་མཇལ་འཛོམས་གནང་བ་དང་འབྲེལ་སི་ཕེན་གྲོས་ཁང་འོག་མའི་ཕྱི་དོན་ཨུ་ཡོན་ལྷན་ཁང་ཏང་ཤོག་དང་ཚོགས་པ་ཁག་གི་མགྲིན་ཚབ་པ་དང་གྲོས་མོལ་ཡང་གནང་བ་རེད།

    སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་ཝུའུ་དབྱིང་ཅེས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཉེ་བའི་ལོ་ཤས་རིང་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སློབ་གསོ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ངོ་སྤྲོད་ཞིབ་ཕྲ་གནང་ཞིང་། ཁོང་གིས་ད་ཆ་བོད་ལྗོངས་ཀྱི་སྤྱི་ཚོགས་ཞོད་འཇགས་དང་། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་ངེས་ཡིན་པ་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་ཚོ་300ལྷག་ཙམ་གྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    སི་ཕེན་གྲོས་ཚོགས་ཀྱི་གྲོས་མི་འགའ་ཤས་ཀྱིས་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ལ་ལྟ་སྟངས་ནོར་འཁྲུལ་འཛིན་གྱི་ཡོད་པར་དམིགས་ནས་ཝུའུ་དབྱིང་ཅེ་སོགས་ཀྱིས་བདེན་པ་མཐའ་སྐྱེལ་གྱིས་སུན་འབྱིན་བྱས་པ་དང་། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པས་སྟོབས་ཤུགས་གང་འདྲ་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་བོད་འདི་ཉིད་ཀྲུང་གོའི་མངའ་ཁོངས་ནས་ཁ་ཕྲལ་གཏོང་བའི་ཇུས་ངན་དེ་སྒྲུབ་མི་ཐུབ་ཅེས་ནན་བཤད་གནང་བ་རེད།

    པ་ལུའེ་ལུའོ་སོགས་ཀྱིས་བོད་འདི་ཉིད་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཡིན་པ་སི་ཕེན་ཕྱོགས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད་ལ་སླད་ཕྱིན་ཀྲུང་གོ་གཅིག་གི་སྲིད་ཇུས་དེ་མུ་མཐུད་མཐའ་འཁྱོངས་བྱས་ནས་ཕན་ཚུན་འཚམས་འདྲི་བྱས་པ་བརྒྱུད་བོད་ཤེས་རྟོགས་སྔར་བས་གཏིང་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    སྐུ་ཚབ་ཚོགས་པས་ད་དུང་སི་ཕེན་དུ་ཡོད་པའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་དང་བཞུགས་མོལ་གནང་ཞིང་། ཝུའུ་དབྱིང་ཅེ་དང་བཅས་པ་ཚེས་11ཉིན་མ་ཏེ་རིར་འབྱོར་བ་དང་དེ་རྗེས་ད་དུང་སི་ཕེན་བྱང་ཤར་ཁུལ་གྱི་གྲགས་ཅན་གྲོང་ཁྱེར་པ་སའེ་ལུའོ་ན་དང་ཧྥ་རན་སེའི་ཕ་རི་སི་རུ་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001329693561