༄༅།། བོད་ ཀྱི་ གྲྭ་ བཙུན་ གྱི་ སྤྱི་ ཚོགས་ འགན་ བཅོལ་ མ་ ལག་ ཁྱོན་ ཡོངས་ སུ་ ཁྱབ་ པ།
 
2013-12-17       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་12ཚེས་17ཉིན་གནས་ཚུལ་འབྱོར་གསལ།(གསར་འགོད་པ་ལི་ཡོན་དང་ཤོལ་ཝུན་ཤོན)གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་ཤེས་རྟོགས་བྱུང་གསལ། མིག་སྔའི་བར་ལྗོངས་ཡོངས་སུ་སྒྲིག་ཁོངས་ནང་གི་གྲྭ་བཙུན་ཁྲི་2.9ལྷག་ཙམ་ཡོད་པ་དེ་དག་ཚང་མ་སྤྱི་ཚོགས་འགན་བཅོལ་གྱི་མ་ལག་ནང་བཅུག་ནས“རང་ཉིད་ཀྱིས་རང་ཉིད་འགན་འཁུར་བའི་”ལོ་རྒྱུས་མཇུག་འགྲིལ་བ་རེད།

    2011ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་1300ལྷག་ཙམ་ཁ་གསབ་བྱས་ཏེ་གྲྭ་བཙུན་རྣམས་རིམ་བཞིན་སྤྱི་ཚོགས་འགན་བཅོལ་གྱི་མ་ལག་ནང་བཅུག་ཡོད། མིག་སྔར། སྒྲིག་ཁོངས་ནང་ཡོད་པའི་གྲྭ་བཙུན་ཚང་མས་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ། མ་མཐའི་འཚོ་རྟེན་འགན་ལེན། བློ་ཡུལ་ལས་འདས་པའི་མི་ལུས་ཀྱི་ཚོགས་པའི་འགན་བཅོལ་བཅས་ལོངས་སྤྱོད་ཐུབ་ཀྱི་ཡོད། བོད་ཀྱིས་ལོ་ལྟར་ད་དུང་རིན་པ་མི་དགོས་པར་གྲྭ་བཙུན་རྣམས་ཀྱི་ལུས་པོར་བརྟག་དཔྱད་ཐེངས་གཅིག་བྱེད་པ་དང་དུས་མཚུངས་གྲྭ་བཙུན་གྱི་རྒན་གསོ་ཁང་ཡང་བཙུགས་ནས་ནད་གཞི་ཕོག་སྐབས་སྨན་བཅོས་ཐུབ་པ་དང་ལོ་ན་རྒས་དུས་གསོ་མཁན་ཡོད་པར་གྱུར་ཡོད།

    ད་ལོ་དགུང་ལོ་62ལ་ཕེབས་པའི་ཕུན་ཚོགས་ཚུལ་ཁྲིམས་ནི་ལྷ་སའི་གྲྭ་ས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པའི་དགའ་ལྡན་དགོན་གྱི་དཀོན་གཉེར་ཞིག་ཡིན་པ་དང་། དགོན་པའི་དགེ་འདུན་པ་ཚང་མར་རིན་པ་མི་དགོས་པར་ལུས་པོར་བརྟག་དཔྱད་བྱེད་སྐབས་ཁོང་ལ་ཁྲག་ཤེད་མཐོ་བའི་ནད་རྟགས་ཐོན་ཡོད། ཁོང་གིས“སྨན་བཅོས་འགན་བཅོལ་ཡོད་པས་རང་ཉིད་ཀྱི་ཁྲག་ཤེད་མཐོ་བའི་ནད་གཞི་སྨན་བཅོས་བྱེད་པར་སེམས་ཁྲལ་བྱེད་དགོས་དོན་མི་འདུག”ཅེས་གསུངས། གཞན་ཡང་། ཁོང་གིས་ད་དུང་མ་མཐའི་འཚོ་རྟེན་འགན་ལེན་ལོངས་སྤྱོད་ཐུབ་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ཀྱི་ལྗོངས་ཡོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་1700ལྷག་ཙམ་ཡོད་པ་དང་དགེ་འདུན་པ་ཚོར་སྤྱི་ཚོགས་ཀྱི་འགན་བཅོལ་སྣ་ཚོགས་མཁོ་འདོན་བྱེད་པ་ཕུད། ཉེ་བའི་ལོ་ཤས་ནང་བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དགོན་པར་ཕན་པ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་གྲྭ་བཙུན་ཚོའི་འཚོ་བ་དང་དགོན་པའི་ཁོར་ཡུག་ལེགས་བཅོས་བྱས་ཡོད། མིག་སྔའི་བར་བོད་ཀྱིས་དགོན་པ་དང་གྲྭ་བཙུན་ལ་ཕན་པའི་རིགས་ཁག་གི་གྲོན་དངུལ་སྒོར་དུང་ཕྱུར་8ལྷག་ཙམ་བཏང་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001329753441