གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཀྲུང་ གོའི་ ནང་ བསྟན་ མཐུན་ ཚོགས་ བོད་ ཡན་ ལག་ མཐུན་ ཚོགས་ ཀྱི་ སྐབས་ གསར་ པའི་ འགོ་ ཁྲིད་ ལས་ ཁུངས་ བདམས་ ཐོན་ བྱུང་ བ།
2014-01-17       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་སྤྱི་ཚེས་17ཉིན་ལྷ་སར་སྐབས་གསར་པའི་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་ཡོད། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་སྐབས་བཅུ་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་སླར་ཡང་བདམས་ཐོན་བྱུང་བ་དང་། བསོད་ནམས་རིག་འཛིན་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་། སྟག་བྲག་བསྟན་འཛིན་དགེ་ལེགས་དང་ལ་དྭགས་ངག་དབང་བསྟན་འཛིན་སོགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་19ཚོགས་གཙོ་གཞོན་པར་གསར་སྣོན་བྱས་ཡོད། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོར་མུ་མཐུད་གདན་ཞུ་གནང་ཡོད།

    སྐབས་གསར་པའི་ཚོགས་གཙོ་རྒན་གཞོན་ཁྲོད། སླར་ཡང་བདམས་ཐོན་བྱུང་བ་མི་11དང་།  གསར་དུ་མིང་འདོན་བྱས་པ་10ཡོད། ལོ་ཆེ་ཤོས་88དང་ལོ་ཆུང་ཤོས་36ཡིན་ཞིང་ཆ་སྙོམས་ལོ་ཚད་ལོ་61ཡིན། དེའི་ནང་དགེ་ལུགས་པ་12དང་བཀའ་བརྒྱུད་པ་3  ས་སྐྱ་པ་2  བོན་པོ་བ་1  རྙིང་མ་བ་2བཅས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚེས་17ཉིན་སྐོང་ཚོགས་བྱས་པའི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་10པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་འཐུས་མི་ཡོངས་ཀྱིས་འདེམས་བསྐོའི་རྣམ་པ་བརྒྱུད་འགོ་ཁྲིད་ལས་ཁུངས་སྐབས་བརྗེ་བའི་ལས་ཀ་ལེགས་གྲུབ་བྱུང་ཡོད། ཚོགས་འདུའི་ཐོག་ད་དུང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པ་303དང་། རྒྱུན་ལས་ལས་འཛིན་པ་83བདམས་ཐོན་བྱུང་བ་དང་སྐབས་གོང་མ་ལས་མི་གྲངས་ཅུང་མང་དུ་ཕྱིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ནང་བསྟན་མཐུན་ཚོགས་ལས་འཛིན་པའི་རྒྱ་ཁྱབ་འཐུས་ཚབ་རང་བཞིན་གང་ལེགས་མངོན་པར་བྱ་ཆེད་སྐབས་གསར་པའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་པའི་འདེམས་བསྐོའི་ཁྲོད་གྲུབ་མཐའ་དང་དགོན་པ།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཁག་གི་ས་ཁོངས་ཁྱབ་ཚུལ་དང་གྲྭ་བཙུན་གྱི་མི་གྲངས་སོགས་དོན་དངོས་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱས་ཡོད།

    2009ལོའི་ཟླ་བ་2པར། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་སྐོང་ཚོགས་བྱས་པ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། སྟག་བྲག་བསྟན་འཛིན་དགེ་ལེགས་དང་། ལ་དྭགས་ངག་དབང་བསྟན་འཛིན་སོགས་མི་14ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001330539221