གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ སུ་ ཆ་ སྙོམས་ བྱས་ ན་ གྲོང་ ཚོ་ རེར་ སྨན་ དོན་ མི་ སྣ་ 2ཡོད་ པ།
2014-02-04       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།  ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ནས་ཤེས་རྟོགས་བྱུང་བར།  2013ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཤང་གྲོང་གི་འཕྲོད་བསྟེན་མི་སྣ་3049ཟིན་པ་དང་ཆ་སྙོམས་བྱས་ན་ཤང་གྲོང་རེར་འཕྲོད་བསྟེན་མི་སྣ་4ཡོད་ཅིང་།  གྲོང་ཚོའི་འཕྲོད་བསྟེན་མི་སྣ་11099ཟིན་པ་དང་ཆ་སྙོམས་བྱས་ན་གྲོང་ཚོ་རེར་མི་2ཡོད་པ་རེད།

    བོད་ལྗོངས་ནི་ས་བབ་མཐོ་བའི་ཁུལ་དུ་གནས་པ་དང་འཚོ་བའི་ཆ་རྐྱེན་ཞན་པས་ཐག་རིང་ལུང་ཁུག་ཁུལ་དུ་གནས་པའི་ཤང་དང་གྲོང་ཚོ་ནི་དེ་བས་བརྗོད་མི་དགོས་པ་ཞིག་ཡིན།  སྨན་དོན་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་མི་སྣ་འགུག་ཉར་ཐུབ་ཆེད་རང་སྐྱོང་ལྗོངས་ཀྱིས་ཤངགྲོང་རྡལའཕྲོད་བསྟེན་ཁང་རེར་སྤྱི་ཕན་རང་བཞིན་གྱི་ལག་རྩལ་རྣམ་པའི་ལས་གནས་2ཐག་གཅོད་བྱ་རྒྱུ་བཀོད་སྒྲིག་བྱས་པ་དང་།  ཤངགྲོང་རྡལའཕྲོད་བསྟེན་ཁང་དུ་ཡུན་རིང་གདན་ཞུས་བྱས་པའི་ཤང་དང་གྲོང་ཚོའི་སྨན་པའི་གླ་ཕོག་གི་ཁ་གསབ་དང་དེ་བཞིན་འགན་བཅོལ་ཁག་5ཡི་ཐོབ་ཐང་མཐོ་རུ་བཏང་ཡོད།

    2013ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་རྫོང་རིམ་པའི་འཕྲོད་བསྟེན་མི་སྣ་3173བར་མང་དུ་ཕྱིན་པ་དང་ཆ་སྙོམས་བྱས་ན་རྫོང་རེར་འཕྲོད་བསྟེན་མི་སྣ་42ཡོད།  གཞི་རིམ་གྱི་གཞི་རྩའི་སྨན་བཅོས་སྒྲིག་བཀོད་ལེགས་སུ་གཏོང་ཆེད་བོད་ལྗོངས་ཀྱིས་ཤངགྲོང་རྡལའཕྲོད་བསྟེན་ཁང་618དང་རྫོང་འཕྲོད་བསྟེན་ཅུས་30རུ་ཁག་སོ་སོར་སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་དང་རེས་སྐོར་སྨན་བཅོས་རླངས་འཁོར་སྒྲིག་སྦྱོར་བྱས་པ་མ་ཟད་མ་དངུལ་སྒོར་དུང་ཕྱུར་1.8བཏང་ནས་རྫོང་ཁག་གི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལ་གཞི་རྩའི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001330922451