གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ཀྱིས་ རྒྱལ་ ནང་ གི་ ཏ་ ལའི་ ལོ་ མའི་ དཔེ་ ཆ་ ཞིབ་ འཇུག་ སོའོ་ ཐོག་ མ་ བཙུགས་ པ།
2014-02-07       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལའབྱོར་གསལ།  ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོའི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སོའོ་ཐོག་མ་འཛུགས་དོན་ནི་ཏ་ལའི་ལོ་མའི་དཔེ་ཆ་ཆེད་མངགས་སྔོག་འདོན་དང་། མྱུར་སྐྱོབ། ལེགས་སྒྲིག ཡིག་སྒྱུར་བཅས་བྱེད་པའི་ཆེད་དུ་རེད།  ཕུན་སུམ་ཤིན་ཏུ་ཚོགས་པའི་ནང་བསྟན་རིག་གཞུང་ནང་ལོ་ངོ་སྟོང་ཕྲག་གོང་དགེ་འདུན་པས་ལེགས་སྦྱར་ཡི་གེའི་ཐོག་ནས་ཏ་ལའི་ལོ་མའི་ཐོག་ཏུ་བྲིས་པའི་དཔེ་ཆ་དེ་དག་ནི་བཅོམ་ལྡན་འདས་ཀྱི་བསྟན་དོན་ཐོག་མ་དང་ཚིག་དོན་ཉེ་ཤོས་ཀྱི“ནང་བསྟན་གྱི་རིག་གཞུང་ཐོག་མ”ཡིན་པའི་ངོས་འཛིན་གྱི་ཡོད།

    བོད་ནི་དེང་དུས་འཛམ་གླིང་ཐོག་ཏ་ལའི་ལོ་མའི་དཔེ་ཆ་ཉར་ཚགས་བྱེད་མང་ཤོས་དང་ཕུན་སུམ་ཚོགས་ཤོས་ཀྱི་གནས་ཤིག་ཡིན་ཞིང་།  ཏ་ལའི་ལོ་མའི་དཔེ་ཆ་ཁྲི་དུ་མ་དགོན་པ་དང་།  རྟེན་རྫས་བཤམས་མཛོད་ཁང་།  དེ་བཞིན་ཞིང་དུད་བཅས་སུ་ཉར་ཚགས་བྱུང་ཡོད།  ཡིན་ནའང་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པ་དང་ལོ་རྒྱུས་ཐོག་གི་དམག་འཁྲུག་གི་གནོད་འཚེ་ཕོག་པའི་དབང་གིས་ཏ་ལའི་ལོ་མའི་དཔེ་ཆ་དར་ཡུལ་ཡིན་པའི་རྒྱ་གར་དང་ནེ་པ་ལ་རུ་ཏ་ལའི་ལོ་མའི་དཔེ་ཆ་དེ་རིགས་ད་ཆ་མཐོང་རྒྱུ་དེ་ཙམ་མེད།

    ཏ་ལའི་ལོ་མའི་དཔེ་ཆར་སྲུང་སྐྱོབ་དང་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་ཆེད་2006ལོ་ནས་བཟུང་ཀྲུང་གོ་སྲིད་གཞུང་གིས་ད་བར་དུ་གཞི་ཁྱོན་ཆེ་ཤོས་ཡིན་པའི་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆར་ཡོངས་ཁྱབ་ཞིབ་བཤེར་བྱེད་འགོ་ཚུགས་ཤིང་།  བོད་དུ་ཡོད་པའི་ཏ་ལའི་ལོ་མའི་དཔེ་ཆ་དེ་དག་ནི་སྤྱི་ལོའི་དུས་རབས་བརྒྱད་པ་ནས་བཅུ་བཞི་པའི་བར་དུ་བྱུང་བ་དང་དེ་དག་ཁྲོད་ཀྱི་མང་ཆེ་བ་ནི་ལེགས་སྦྱར་ཡི་གེའི་ལག་བྲིས་མ་རེད།  བོད་ཡིག་གི་ཏ་ལའི་ལོ་མའི་དཔེ་ཆ་ཉུང་ཤས་ཤིག་བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་དང་ཕོ་བྲང་པོ་ཏ་ལ་སོགས་སུ་ཡོད།  ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སོའོ་ཡིས་ད་དུང་རིགས་གཅིག་མཁས་པ་བོད་ཀྱི་ཞིང་འབྲོག་ཁུལ་དུ་རྟོག་ཞིབ་བྱེད་པར་མངགས་ནས་དགོན་པ་དང་དེ་བཞིན་མི་སེར་གྱི་ཁྱིམ་དུ་ཡོད་པའི་ཏ་ལའི་ལོ་མའི་དཔེ་ཆའི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱ་རྩིས་ཡོད་པ་རེད།

    གཙོ་བོ་ལེགས་སྦྱར་ཡི་གེའི་ཐོག་ནས་བྲིས་པའི་ཏ་ལའི་ལོ་མའི་དཔེ་ཆ་དེ་རིགས་ཁོང་དུ་རྦད་དེ་ཆུད་མཁན་ནི་འཛམ་གླིང་ཐོག་ཧ་ཅང་ཉུང་ཉུང་རེད།  “ཏ་ལའི་ལོ་མའི་དཔེ་ཆར་ཞིབ་འཇུག་བྱ་རྒྱུ་ནི་ལོ་ཙཱ་བས་ཡིག་འབྲུ་རེ་རེ་བཞིན་ཡིག་སྒྱུར་བྱེད་དགོས་པ་ལས་རྩིས་རྒྱག་འཕྲུལ་འཁོར་སོགས་དེང་རབས་ཅན་གྱི་ལག་ཆར་བརྟེན་ཐབས་བྲལ”ཞེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོའན་ཀྲང་གཞོན་པ་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་འབྲོང་བུ་ཚེ་རིང་རྡོ་རྗེས་གསུངས།

    རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་སུ་ཚད་ལྡན་ཡིག་རིགས་ཤིག་ཡིན་པའི་ཏ་ལའི་ལོ་མའི་དཔེ་ཆའི་རིན་ཐང་མངོན་པར་བྱ་ཆེད་བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱིས་གཅེས་ཉར་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆའི་ཕྱོགས་བསྒྲིགས་འདྲ་པར་དེབ》ཅེས་པའི་ཁྱོན་དེབ་61དང《བོད་རང་སྐྱོང་ལྗོངས་ཀྱིས་གཅེས་ཉར་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆའི་དཀར་ཆག》ཅེས་པའི་ཁྱོན་དེབ་4པར་དུ་བསྐྲུན་ནས་སླད་ཕྱིན་ལྟ་ཀློག་དང་ཞིབ་འཇུག་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001330969501