གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། 2013ལོར་ བོད་ ལྗོངས་ ཀྱིས་ ཞིང་ ལས་ ཕྱོགས་ བསྡུས་ གསར་ སྤེལ་ ཁུལ་ 31བཙུགས་ པ།
2014-02-13       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་ཀྲུའུ་རེན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཧུའུ་ཤིན་ཧྲེང་གིས་ཉིན་ཤས་གོང་འཚོགས་པའི་ལྗོངས་ཡོངས་ཀྱི་དབུལ་སྐྱོར་ཞིང་ལས་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་2013ལོར་རང་ལྗོངས་ཀྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར་6.01བཏང་ནས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ་གྱི་རྣམ་གྲངས་31ལག་ལེན་བསྟར་བས་ཞིང་ལས་གསར་སྤེལ་ཁུལ་གྱི་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་654གཏོད་རོགས་བྱས་པ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད“འཛུགས་སྐྲུན་གྱི་ཆུ་ཚད་མཐོ་བ་དང་ཐོན་ལས་ཀྱི་འདེགས་སྐྱོར་གསར་པའི”ཁྱད་ཆོས་མངོན་ཡོད་ཅེས་བརྗོད་པ་རེད།

    2013ལོར་རང་ལྗོངས་ཀྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལ་བརྟེན་ནས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་བྱེད་པ་དང་།  དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ།འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྔར་ལས་ལྷག་པའི་ངང་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་བ་དང་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་བས་ཞིང་ལས་གསར་སྤེལ་ཁུལ་ལ་འབྲུ་རིགས་སྤྱི་རྒྱ་ཁྲི་924.96དང་། པད་ཁ་སྤྱི་རྒྱ་ཁྲི་107.62 རྩྭ་སྐམ་པོ་སྤྱི་རྒྱ་ཁྲི་2130.7 སྤུས་ལེགས་གཟན་ཆག་སྤྱི་རྒྱ་ཁྲི་851.5 སྔོ་ཚལ་སྤྱི་རྒྱ་ཁྲི་391.15བཅས་མང་དུ་ཕྱིན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331117851