གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ཀྱིས་ གྲོང་ གསེབ་ ཀྱི་ འགན་ ལེན་ ལྔའི་ དུད་ ཁྱིམ་ གསོ་ ཉར་ གྱི་ ཚད་ གཞི་ སླར་ ཡང་ མཐོ་ རུ་ བཏང་ བ།
2014-02-15       གསར་འགྱུར་འབྱུང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    བོད་རང་སྐྱོང་ལྗོངས་ཀྱིས་ད་ལོ་སླར་ཡང་གྲོང་གསེབ་ཀྱི་འགན་ལེན་ལྔའི་ཁྱིམ་ཚང་གསོ་ཉར་གྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས། མི་རེར་ལོ་རེར་སྒོར་2600ནས་མི་རེར་ལོ་རེར་སྒོར་2900བར་མང་དུ་བཏང་ཡོད།

    དེ་དང་དུས་མཚུངས། སྤྱི་ལོ་2013ལོར་བོད་ལྗོངས་ཀྱིས་འགན་ལེན་ལྔ་གཅིག་བསྡུས་ཐོག་གསོ་ཉར་དང་དྭ་ཕྲུག་གཅིག་བསྡུས་ཐོག་གསོ་ཉར་བྱེད་པའི་གཅེས་སེམས་ལས་གྲྭ་ཁྱོན་ཡོངས་ནས་འགོ་ཚུགས་ཏེ། སྒོར་དུང་ཕྱུར་20ལྷག་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། ལོ་གསུམ་འབད་བརྩོན་བྱེད་པ་བརྒྱུད། སྤྱི་ལོ་2015ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་གྱི་དྭ་ཕྲུག་5576གཅིག་བསྡུས་ཐོག་གསོ་ཉར་བྱེད་ཚད་བརྒྱ་ཆ་100ཟིན་པ་བྱ་རྒྱུ་དང་སྤྱི་ལོ་2016ལོར་སླེབས་སྐབས་འགན་ལེན་ལྔ་བྱེད་ཡུལ་རྫོང་ཡན་དུ་གཅིག་བསྡུས་གསོ་ཉར་བྱེད་ཚད་བརྒྱ་ཆ་100ཟིན་པ་བྱ་རྒྱུ་ཡིན་པ་རེད།

    ད་ལོ། བོད་རང་སྐྱོང་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་འགན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་སྐྱོང་བྱས་ཏེ། འགན་ལེན་ལྔའི་གསོ་ཉར་ལས་ཁུངས་20གསར་འཛུགས་དང་གཅིག་བསྡུས་ཐོག་གསོ་ཉར་བྱེད་པའི་ཚད་གཞི་མཐོ་རུ་གཏོང་བ་དང་དུས་མཚུངས། ས་ཁུལ་དང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གསར་འཛུགས་དང་རྒྱ་སྐྱེད་བཏང་ཏེ། མུ་མཐུད་དེ་དྭ་ཕྲུག་ལ་རོགས་སྐྱོབ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བཏོན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331175991