གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ གཞིས་ རྩེའི་ ཞིང་ འབྲོག་ ཁུལ་ གྱི་ མིའི་ འཚོ་ གནས་ ཁོར་ ཡུག་ མངོན་ གསལ་ དོད་ པོས་ ལེགས་ སུ་ ཕྱིན་ པ།
2014-02-17       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉེ་ཆར་གསར་འགོད་པས་བོད་ལྗོངས་གཞིས་རྩེ་ས་ཁུལ་བདེ་སྡོད་ལས་གྲྭ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2013ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་དང་།གྲོང་ཚོའི་མིའི་འཚོ་གནས་ཁོར་ཡུག་འཛུགས་སྐྲུན། མཐའ་མཚམས་གྲོང་ཚོའི་བྱེད་སྒོ་སྤེལ་ས་འཛུགས་སྐྲུན་བཅས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་སྟབས་ས་ཁུལ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་མིའི་འཚོ་གནས་ཁོར་ཡུག་ལེགས་སུ་ཕྱིན་ནས་སྣོད་བཅུད་བཟང་བ་དང་། ཁོར་ཡུག་ལེགས་པ། གྲོང་ཚོ་བཀོད་གཙང་བཅས་ཀྱི་རྣམ་པ་ཞིག་དབུས་གཙང་གི་ས་གཞི་ཆེ་མོར་མངོན་ཡོད།

    བདེ་སྡོད་ལས་གྲྭ་གཏིང་ཟབ་སྤེལ་ཞིང་།2013ལོར་ས་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ནི་དུད་ཚང་11904ཡིན་པ་དང་ཁྱོན་མ་དངུལ་སྒོར་ཁྲི་67167.11བཏང་བའི་ནང་དུད་ཚང་1046དབུལ་སྐྱོར་གནས་སྤོ་བྱས་པ་དང་།  དུད་ཚང་9627གྱི་ཁང་པ་སྒྱུར་བཀོད་བྱས་པ།  སྐྱས་སྤོས་འབྲོག་པ་དུད་ཚང་1231གཞི་ཆགས་བྱས་པ་བཅས་ན་ནིང་གི་ལོ་མཇུག་བར་ཚང་མ་ལེགས་སྒྲུབ་བྱས་ཡོད།ལས་གྲྭ་དེ་ཤང་དང་གྲོང་རྡལ་134དང་སྲིད་འཛིན་གྲོང་ཚོ་1191དང་འབྲེལ་བ་ཡོད་པ་དང་།  མི་ཁྲི་6ཙམ་སྡོད་ཁང་གསར་པའི་ནང་སྤོས་པ།ལས་གྲྭ་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་204.23ཟིན་པ།  མི་རེར་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་34.08ཟིན་པ་བཅས་ལས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་ཡོད་པ་རེད།

    མིའི་འཚོ་གནས་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་།  2013ལོར་ས་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་མིའི་འཚོ་གནས་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་ནི་སྲིད་འཛིན་གྲོང་ཚོ་327ཡིན་པ་དང་ན་ནིང་ལོ་མཇུག་བར་རྫོང(གྲོང་ཁྱེར)ཁག་གི་མིའི་འཚོ་གནས་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གྲྭ་ཚང་མ་ལེགས་སྒྲུབ་བྱས་ཡོད་པ་རེད།  དེའི་ཁྲོད་ས་ཁུལ་ཡོངས་ཀྱིས་ཉི་ནུས་ལམ་སྒྲོན་5886ཉོས་ནས་འོས་སྐུལ་དུམ་བུ་ཁག་ལ་སྒྲིག་སྦྱོར་བྱས་ཟིན་པ་དང་།  གད་སྙིགས་དབོར་འདྲེན་འདྲུད་འཐེན་འཁོར་ལོ་327ཉོས་པ་ཚང་མ་སྤྲད་ཟིན་པ།ལན་ཆིའུ་སྤོ་ལོའི་སྒྲོམ་141ཉོས་པ་ཚང་མ་རྫོང(གྲོང་ཁྱེར)ཁག་ལ་སྤྲད་ཟིན་པ་བཅས་རེད།

    མཐའ་མཚམས་ཀྱི་རང་བྱུང་གྲོང་ཚོར་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ས་འཛུགས་སྐྲུན་ཏན་ཏིག་ངང་བྱས་ཤིང་།2013ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས་ཏང་ཡོན་སློབ་གསོ་དང་།  གྲོང་མི་སློབ་གསོ།ཚན་རྩལ་སློབ་གསོ།  རིག་གནས་སློབ་གསོ།  ཆ་འཕྲིན་བསྡུ་འགྲེམས་བཅས་ཀྱི་ནུས་པ་གཅིག་ཏུ་བསྡུ་བའི་དམིགས་ཚད་གཞིར་བཟུང་མཐའ་མཚམས་ཀྱི་རང་བྱུང་གྲོང་ཚོའི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ས་འཛུགས་སྐྲུན་ཧུར་ཐག་བྱས་པ་རེད།  ལོ་ཧྲིལ་པོར་ས་ཁུལ་ཡོངས་ཀྱི་མཐའ་མཚམས་ཀྱི་རང་བྱུང་གྲོང་ཚོར་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་སའི་འཛུགས་སྐྲུན་ལས་འགན་ནི་མཐའ་མཚམས་ཀྱི་རང་བྱུང་གྲོང་ཚོ་225ཡིན་པ་དང་གྲོང་ཚོ་རེར་སྒོར་ཁྲི་30བཏང་ཡོད་པ་རེད།ན་ནིང་ལོ་མཇུག་བར་མཐའ་མཚམས་ཀྱི་རང་བྱུང་གྲོང་ཚོ་167ལེགས་སྒྲུབ་བྱས་པ་དང་དེ་བྱིངས་ཀྱི་གྲོང་ཚོ་58འཛུགས་སྐྲུན་བྱེད་བཞིན་ཡོད།  བྱེད་སྒོ་སྤེལ་ས་ཁག་གཅིག་ལེགས་སྒྲུབ་བྱས་པ་དེས་གྲོང་ཚོ་ཁག་གི“ཚོགས་འདུ་ཆུང་གྲས་ཁྱིམ་དུ་འཚོགས་པ་དང་།  ཚོགས་འདུ་ཆེ་གྲས་ཐང་ཆེན་དུ་འཚོགས་པ།གཞུང་ལས་སྒྲུབ་ས་མེད་པ།  བྱེད་སྒོ་སྤེལ་ཡུལ་མེད་པ།   མང་ཚོགས་ཀྱི་དོན་ཐག་གཅོད་སའི་གནས་གཏན་འཁེལ་མེད་པ”བཅས་ཀྱི་གནས་ཚུལ་ཡོངས་སུ་ཐག་གཅོད་ཐུབ་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331205711