གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཝུའུ་ དབྱིང་ ཅེས་ གར་ རི་ དགོན་ དུ་ བརྟག་ ཞིབ་ གནང་ བ།
2014-02-17       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཟླ་2ཚེས་14ཉིན་ནི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་ལ་བོད་ཀྱི་ལོ་གསར་གྱི་སྔ་རོལ་ཡང་ཡིན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་མཚོན་བཞིན་དུ་ཚེས་14ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་གར་རི་དགོན་དུ་ཕེབས་ནས་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་ཚབ་ཞུས་ཏེ་དགོན་སྡེའི་བཙུན་མ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་དང་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཐད་བརྟག་ཞིབ་གནང་བ་རེད།

    གར་རི་དགོན་གྱི་སྔོ་ཚལ་དྲོད་ཁང་ཆེ་མོ་དང་། སྨན་དོན་ཁང་། གྲྭ་ཤགདགོན་སྡེའི་དོ་དམ་ཨུ་ལྷན་གྱི་གཞུང་དོན་སྒྲུབ་ཁང་བཅས་སུ་ཝུའུ་དབྱིང་ཅེ་དང་དགོན་སྡེའི་བཙུན་མ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པས་བྱམས་བརྩེའི་གླེང་མོལ་གནང་བ་དང་དགོན་སྡེའི“དྲུག་སྐྲུན”དང“གཅིག་དྲུག”“དགོན་སྡེར་ཡོད་པ་དགུ”སོགས་དགོན་སྡེའི་དོ་དམ་ལས་དོན་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།གར་རི་དགོན་གྱི་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་དཔལ་སྒྲོན་གྱིས་ཝུའུ་དབྱིང་ཅེར་ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་གྱི་འཚོ་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་དགོན་སྡེའི་དངོས་ཡོད་དཀའ་ངལ་དང་གནད་དོན་མང་པོ་ཞིག་ཐག་གཅོད་གནང་བས་རྒྱ་ཆེའི་གྲྭ་བཙུན་ཚུད་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་ཚང་མར་མྱོང་ཚོར་ཟབ་མོ་བྱུང་ཡོད་ཅེས་བཤད། ངག་དབང་དཔལ་སྒྲོན་གྱི་སྐད་ཆ་གསན་པ་དང་དགོན་སྡེའི་བཙུན་མ་ཚོའི་དགའ་སྤྲོ་འཁོལ་བའི་འཛུམ་མདངས་གཟིགས་རྗེས་ཝུའུ་དབྱིང་ཅེས་དགྱེས་ཚོར་ཆེན་པོས་མེས་རྒྱལ་འབྱོར་ཕྱུག་ལྡན་ཚེ་མི་དམངས་སྟོབས་ཆེར་འགྲོ་བ་དང་མི་དམངས་སྟོབས་འབྱོར་ལྡན་ཚེ་གྲྭ་བཙུན་བདེ་ལ་འཁོད་ཐུབ་ཅེས་གསུངས།བོད་བརྒྱུད་ནང་བསྟན་གྱི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་།  སྡིག་སྤོངས་དགེ་སྒྲུབ། ཞི་མཐུན་གོང་བཀུར།ཞི་བདེར་རེ་སྨོན”བཅས་ཀྱི་སྙིང་སྟོབས་དེ་ཏང་དང་སྲིད་གཞུང་གིས་ཞི་མཐུན་སྤྱི་ཚོགས་བསྐྲུན་རྒྱུ་དར་སྤེལ་གཏོང་བ་དང་ཕན་ཚུན་སྦྲེལ་བ་ཞིག་ཡིན་པས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ནི་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཤིག་རེད།དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་པ་དང་སྲིད་གཞུང་གི་དོ་དམ་དང་ལེན་ཞུས་ཚེ་གཞི་ནས་བོད་བརྒྱུད་ནང་བསྟན་ལ་སྐྱོན་བྲལ་དང་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་ཡོད་སྲིད་པ་དོན་དངོས་ལས་ར་འཕྲོད་ཐུབ་ཡོད།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་བྱེད་ཕྱོགས་སྔར་བཞིན་ལག་བསྟར་དོན་འཁྱོལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་ཞུ་བ་དང་དགོན་སྡེའི་སྤྱི་པའི་ཞབས་ཞུ་ལེགས་སུ་ནུས་ལྡན་གཏོང་བ་དང་གྲྭ་བཙུན་གྱི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད།རེ་བར་ཁྱེད་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་ནས་ཆོས་དད་མང་ཚོགས་ལ་ཞབས་ཞུ་དེ་བས་ཡག་པོ་བྱས་ཐོག་སྤྱི་ཚོགས་ཀྱི་ཞི་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཁྲོད་བོད་བརྒྱུད་ནང་བསྟན་གྱི་ནུས་པ་གང་ཡོད་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེའི་གསུང་བཤད་ལ་དེ་གར་ཡོད་པའི་བཙུན་མ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་།གར་རི་དགོན་གྱི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་རྗེ་དགྲ་འདུལ་གྱིས་ང་ཚོས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་མུ་མཐུད་བྱས་ཏེ་དགོན་སྡེ་དོ་དམ་གྱི་ཚན་རིག་ཅན་གྱི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།གར་རི་དགོན་གྱི་བཙུན་མ་ཡོངས་ཀྱིས་ཏང་དང་སྲིད་གཞུང་གི་རེ་བ་ཆུད་ཟོས་སུ་མི་གཏོང་བར་ཐོས་བསམ་ལ་གཞོལ་བ་དང་།ནང་བསྟན་དར་སྤེལ།རྒྱལ་གཅེས་ཆོས་གཅེས།རྒྱལ་སྐྱོང་འགྲོ་ཕན་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་གང་ཡོད་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331207721