གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ རང་ སྐྱོང་ ལྗོངས་ ཏང་ ཨུད་ རྒྱུན་ ལས་ ཨུ་ ཡོན་ ལྷན་ ཁང་ གི་ ཚོགས་ འདུས་ བོད་ ཀྱི་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ ལྟེ་ བའི་ རིན་ ཐང་ ལྟ་ བ་ སྐྱེད་ སྲིང་ དང་ ལག་ ལེན་ བསྟར་ རྒྱུའི་ ལག་ བསྟར་ བསམ་ འཆར་ ལ་ ཞིབ་ འཇུག་ བྱས་ པ།
2014-02-17       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཁྲེན་ཆོན་གོས་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ།

    ཟླ་2ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱིས་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར》གྱི་ལག་བསྟར་བསམ་འཆར་ལག་ལེན་བསྟར་རྒྱུར་ཞིབ་འཇུག་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན།བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བསྟར་ཏེ་མི་ཚོའི་ཐོན་སྐྱེད་དང་འཚོ་བ་དང་བསམ་པའི་འཇིག་རྟེན་ཁྲོད་ཁྱབ་པ་བྱས་ཏེ་འབྱོར་ཕྱུག་དང་། ཞི་མཐུན།བདེ་སྐྱིད། ཁྲིམས་སྐྱོང་།  ཤེས་དཔལ།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་དང་།  འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་བཅས་ཀྱི་ཆེད་དུ་དྲང་ནུས་སྟོབས་ཆེན་ཞིག་གཅིག་ཏུ་སྒྲིལ་དགོས་པ་སྟེ།

    གཅིག་ནི་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཤིང་།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་རྒྱུ་དེས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་བ་དང་།  ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ།མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྣེ་ཁྲིད་བྱེད་པ།  འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ།  བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་བ་བཅས་བྱ་ཆེད་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད་པ་རེད།

    གཉིས་ནི་དྲིལ་བསྒྲགས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཤིང་།  རིགས་པའི་གཞུང་ལུགས་ལས་དོན་གྱི་ཁྲིད་སྟོན་ནུས་པ་དང་།  གསར་འགྱུར་སྨྱན་སྦྱོར་གྱི་ཐབས་ལམ་གཙོ་བོའི་ནུས་པ།དྲ་སྦྲེལ་གྱི་གསར་དར་གཡུལ་སའི་ནུས་པ།སྤྱི་ཕན་བརྡ་ཁྱབ་ཀྱི་བརྒྱུད་སྤེལ་ནུས་པ།  བསམ་བློ་དང་ཆབ་སྲིད་ལས་དོན་གྱི་ཆབ་སྲིད་ལེགས་ཆ་དང་བསམ་པའི་རིག་གནས་ཐོན་རྫས་ཀྱི་མི་སྣ་གསོ་སྐྱོང་དང་མིར་ཤུགས་རྐྱེན་ཐེབས་པ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་དེང་རབས་ཀྱི་ཀྲུང་གོའི་རིན་ཐང་འདུ་ཤེས་བརྒྱུད་སྤེལ་དང་མངོན་པར་བྱ་རྒྱུ་དེ་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཁྱིམ་ཚང་དང་མི་ཀུན་གྱིས་ཤེས་ཐུབ་པ་བྱེད་དགོས།

    གསུམ་ནི་ཁྱབ་གདལ་གཏོང་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཤིང་།  སྣ་མང་ཕུན་སུམ་ཚོགས་ཤིང་བྱ་ཐབས་མི་འདྲ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་མི་རྣམས་ལ་འབྱོར་ཕྱུག་དང་།  དམངས་གཙོ།  ཤེས་དཔལ།  ཞི་མཐུན་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱ་རྒྱུ་དེ་རྒྱལ་ཁབ་ངོས་ཀྱི་རིན་ཐང་དམིགས་ཚད་དུ་བརྩི་རྒྱུའི་སྣེ་ཁྲིད་བྱེད་པ་དང་།  རང་དབང་དང་།  འདྲ་མཉམ།  གཞུང་དྲང་།  ཁྲིམས་སྐྱོང་བཅས་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དེ་སྤྱི་ཚོགས་ངོས་ཀྱི་རིན་ཐང་ལྟ་བ་འཛིན་ཕྱོགས་སུ་བརྩི་བ། རྒྱལ་གཅེས་དང་། ལས་བཀུར། ཁ་དན་ཚིག་གནས།  མཛའ་གྲོགས་བཅས་ལ་རང་འགུལ་ངང་བརྩི་སྲུང་ཞུ་རྒྱུ་དེ་སྤྱི་དམངས་ངོས་ཀྱི་རིན་ཐང་གི་ཚད་གཞིར་བརྩི་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་རིན་ཐང་གི་སྟོན་ཕྱོགས་དང་། བྱ་སྤྱོད་ཀྱི་ཚད་གཞི། ཐུན་མོང་གི་དོན་གཉེར་བཅས་སུ་འགྱུར་བ་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

    བཞི་ནས་ལག་ལེན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཤིང་།  ཀུན་སྤྱོད་ལག་ལེན་གྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ་ལེའུ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱུན་གཏན་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བ་དང་།  མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ།  དུས་ཆེན་དང་རྟེན་འབྲེལ་ཉིན་མོར་སྤྱི་ཚོགས་ཀྱི་གཙོ་རྒྱུན་རིན་ཐང་བརྒྱུད་སྤེལ་གྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བཅས་ཀྱི་ཐོག་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོའི་ནང་སེམས་སུ་ཟུག་པ་དང་བྱ་སྤྱོད་ཐོག་འཁྱོལ་བ་བྱེད་པ་དང་།ཁ་བཤད་ལག་བསྟར།ཁ་ཞེ་གཉིས་མེད་བཅས་ཡོང་བ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་བྱེད་མཁན་དང་།  དྲིལ་བསྒྲགས་བྱེད་མཁན།  དར་སྤེལ་གཏོང་མཁན།ལག་ལེན་བསྟར་མཁན་བཅས་བྱེད་ཐུབ་པ་བྱེད་དགོས།

    ལྔ་ནི་སྣེ་ཁྲིད་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཤིང་།རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་སྲོག་ཤིང་ནུས་པ་དང་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་གྱི་བསམ་པའི་སྒྲོག་ཐག་གཏོད་པ་དང་།  འགོ་ཁྲིད་ལས་བྱེད་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུའི་ཐད་སྣེ་ཡག་པོ་འཁྲིད་ནས་རང་དཔེ་གཞན་སྟོན་དང་སྣེ་འཁྲིད་དཔེ་སྟོན་བྱེད་པ།རྒྱ་ཆེའི་ཏང་ཡོན་ཚོས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་།  མི་ཚེའི་ལྟ་བ།རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་སྣེ་འཁྲིད་དེ་གུང་ཁྲན་ཏང་མིའི་བསམ་པའི་མཐོ་ས་དེ་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པ།  སློབ་གསོའི་ཁོངས་གཏོགས་ཀྱིས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་གཞི་རྩར་བྱེད་པ་དང་ཀུན་སྤྱོད་སློབ་གསོ་སྔོན་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་རྨང་གཞིའི་སློབ་གསོ་དང་།  མཐོ་རིམ་སློབ་གསོ།  ལས་རིགས་ལག་རྩལ་སློབ་གསོ།  དར་མའི་སློབ་གསོ་བཅས་ཀྱི་ཁྱབ་ཁོངས་ཁག་ཏུ་ཁྱབ་པ་བྱེད་པ་དང་དུས་མཚུངས་དགེ་རྒན་གྱི་ཀུན་སྤྱོད་བླ་ན་མ་མཆིས་པ་དང་ལས་སྒོ་རྩེར་སོན་གྱི་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་པ།དྲིལ་བསྒྲགས་སྡེ་ཚན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་ཕྱོགས་མཚུངས་སྒྲིག་འཛུགས་ལག་བསྟར་དང་མཐུན་སྦྱོར་སྐུལ་སྤེལ་གྱི་འགན་འཁྲི་གལ་ཆེན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་གི་ལས་འགན་དམིགས་སར་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས་པ་བཅས་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331207781