གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ སྤྱི་ ཚོགས་ ཕན་ བདེའི་ བྱ་ གཞག་ བརྟན་ པོའི་ ངང་ འཕེལ་ རྒྱས་ ཕྱིན་ པ།
2014-02-18       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    སྟག་རྩེ་རྫོང་སྤྱི་ཚོགས་ཕན་བདེ་ཁང་དུ་འགན་ལེན་ལྔའི་རྒན་རྒོན་120 འདི་གར་ཚེ་མཇུག་བདེ་བར་སྐྱེལ་བཞིན་ཡོད། རྒན་གསོ་དང་། སྤྲོ་གསེང་། སྨན་བཅོས། བདག་སྐྱོང་། དྲག་སྐྱེད་བཅས་གཅིག་ཏུ་བསྡུས་པའི་སྤྱི་ཚོགས་ཕན་བདེ་ཁང་གསར་པ་དེ་རང་ལྗོངས་ཀྱི་སྤྱི་ཚོགས་ཕན་བདེའི་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་བའི་མཚོན་ཚུལ་ཞིག་ཡིན་ཞིང་། ཉེ་བའི་ལོ་གཉིས་ནང་རང་ལྗོངས་ཀྱིས་འགན་ལེན་ལྔ་གཅིག་སྡུད་ཐོག་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་ཐོག་བདག་སྐྱོང་བྱ་ཤུགས་ཆེ་རུ་བཏང་བས་སྤྱི་ཚོགས་ཕན་བདེའི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོར་རང་ལྗོངས་སུ་འགན་ལེན་ལྔའི་བསྙེན་བཀུར་སྒྲིག་གཞི་23དང་ས་ཁུལ་དང་གྲོང་ཁྱེར་གྱི་དྭ་ཕྲུག་ཕན་བདེ་ཁང་5གསར་དུ་སྐྲུན་པ་དང་ཞིང་འབྲོག་ཁུལ་གྱི་འགན་ལེན་ལྔའི་བསྙེན་བཀུར་ཚད་གཞི་ལོ་རེར་མི་རེར་སྒོར་2600མཐོ་རུ་བཏང་བ་དང་དྭ་ཕྲུག་གཅིག་སྡུད་ཐོག་བསྙེན་བཀུར་བྱེད་པའི་འཚོ་བའི་འགན་ལེན་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་1200ཟིན་ཡོད་པ་རེད།འདི་ལོའི་ལོ་འགོར་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་ཁ་གསབ་རོགས་དངུལ་ཚད་གཞི་སླར་ཡང་མཐོ་རུ་བཏང་ནས་མི་རེར་ལོ་རེར་སྒོར་2600ནས་2900བར་མཐོ་རུ་བཏང་བ་རེད།

    དེ་དང་ཆབས་ཅིག་2013ལོར་རང་ལྗོངས་ཀྱིས་འགན་ལེན་ལྔའི་དུད་ཚང་གི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་ལས་དོན་ཁྱོན་ཡོངས་ནས་བསྒྲུབ་པ་དང་ཁྱོན་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཏང་སྟེ་ལོ་གསུམ་འབད་བརྩོན་བྱས་པ་བརྒྱུད་2015ལོར་ལྗོངས་ཡོངས་ཀྱི་དྭ་ཕྲུག་5576ས་ཁུལ་དང་གྲོང་ཁྱེར་དུ་གཅིག་སྡུད་གསོ་ཉར་བྱེད་ཚད་100%དང་2016ལོར་རྫོང་ཡན་དུ་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་ཐོག་བསྙེན་བཀུར་བྱེད་ཚད་100%ཟིན་པ་བྱ་རྒྱུ་ཡིན་པ་རེད།

    འདི་ལོ་རང་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་སྐྲུན་མགྱོགས་སུ་བཏང་སྟེ་འགན་ལེན་ལྔའི་བསྙེན་བཀུར་སྒྲིག་གཞི་20གསར་སྐྲུན་བྱས་ཁར་གཅིག་སྡུད་བསྙེན་བཀུར་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་འབྲེལ་ས་ཁུལ་དང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གསར་སྐྲུན་རྒྱས་སྐྲུན་བྱས་ཏེ་དྭ་ཕྲུག་གི་རོགས་སྐྱོབ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331236461