གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ཀྱི་ སྐོར་ སྐྱོད་ ཁྲིམས་ ཁང་ གིས་ སྐོར་ ཞིབ་ གྱོད་ གཞི་ 4000ཐག་ གཅོད་ བྱས་ པ།
2014-02-19       གསར་འགྱུར་འབྱུང་ཁུངས། ཁྲིམས་ལུགས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཁྲིམས་ཁང་གིས་དམངས་དོན་དུ་ཁྲིམས་འཛིན་བྱེད་པའི་ཐབས་ཤེས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། སྤྱི་ལོ་2013ལོར། རླངས་འཁོར་74ཡོད་པའི་སྐོར་སྐྱོད་ཁྲིམས་ཁང་གིས་རིམ་བརྩིས་བྱས་ན་སྤྱི་ལེ་ཉིས་འབུམ་དྲུག་ཁྲི་ལྷག་བསྐྱོད་ནས་སྐོར་ཞིབ་གྱོད་གཞི་4000ལྷག་ཐག་གཅོད་བྱས་ཡོད་པ་རེད།

    བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་བསོད་དར་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ན་ནིང་བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་རིགས་ཁག་གི་མང་ཚོགས་ནས་གཏུགས་བཤེར་བྱེད་ཁག་པ་དེ་གཙོ་གནད་དུ་བཟུང་སྟེ་ལོ་ཧྲིལ་པོར་གྱོད་གཞི་1307ཡོད་པའི་ནང་འཚོ་བར་དོན་དངོས་དཀའ་ངལ་ཡོད་པའི་དོ་བདག་ལ་ཞུ་གཏུགས་འགྲོ་གྲོན་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་དྲུག་དང་བདུན་འབུམ་ལྔ་ཁྲི་ཆག་ཡང་བཏང་བ་དང་། དོ་བདག་50ལྷག་ཙམ་ནས་རོགས་སྐྱོབ་རེ་ཞུ་བྱས་པ་སྒོར་ས་ཡ་གཉིས་དང་དྲུག་འབུམ་ལྷག་ཙམ་ཟིན་པས། མི་རིགས་ཁག་གི་མང་ཚོགས་རྒྱུན་གཏན་ལྟར་གཏུགས་བཤེར་བྱེད་ཐུབ་པ་འགན་ལེན་བྱས་ཡོད་པ་རེད།

    མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གྱིས། མེ་ཏོག་རྫོང་ནི་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་མ་ཐག་པའི་རྫོང་ཞིག་ཡིན་པ་དང་ཤང་གྲོང་བར་བར་ཐག་རིང་པོ་ཡོད། རླངས་འཁོར་སྐོར་སྐྱོད་ཁྲིམས་ཁང་དེས་མང་ཚོགས་ཚོའི་གཏུགས་བཤེར་ཐད་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅེས་གསུངས་འདུག

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མཐོ་རིམ་ཁྲིམས་ཁང་གིས་རླངས་འཁོར་སྐོར་སྐྱོད་ཁྲིམས་ཁང་གིས་སྟེགས་བུ་བྱས་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་འགྲམ་དུ་བསྐྱོད་དེ་གྱོད་གཞི་འཛུགས་པ་དང་། ཞིང་ལས་བྲེལ་བ་ཆེ་སྐབས་དགོང་མོ་དང་ཉིན་དགུང་གི་ཁྲིམས་ཁང་། དགུང་གསེང་ཁྲིམས་ཁང་བཅས་འཛུགས་པ། ཁ་པར་ཐོག་ནས་གྱོད་དོན་རེ་ཞུ་དང་ཁྲིམས་དཔོན་སྐོར་ཞིབ་ཐག་གཅོད་སོགས་དམངས་ཕན་ལས་དོན་མང་པོ་སྤེལ་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331264931