གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། 2013ལོར་ ལྗོངས་ ཡོངས་ སུ་ གཞུང་ ལམ་ འགྲིམ་ འགྲུལ་ ལས་ འཛོལ་ ཐོན་ ཚད་ དུས་ མཚུངས་ ལས་ 8.4%ཆག་ པ།
2014-02-19       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་ཆར་གསར་འགོད་པས་ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར།  2013ལོར་ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རིགས་ཁག་གི་འགྲིམ་འགྲུལ་སྒྲིག་འགལ་བྱེད་སྤྱོད་ཁྱོན་ཁྲི་23ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་སྙན་སེང་2910འབྱོར་པ་དེ་དུས་མཚུངས་ལས་267ཉུང་དུ་ཕྱིན་ནས་8.40%ཆག་པ་དེའི་ནང་མི་སྣ་ཤི་རྨས་ཀྱི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་717ཐོན་ཏེ་མི་290ཤི་བ་དང་མི་881ལ་རྨས་སྐྱོན་ཕོག་ནས་ཐད་ཀའི་རྒྱུ་ནོར་གྱོང་གུན་སྒོར་ཁྲི་865ལྷག་ཙམ་ཕོག་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་ལས་འཛོལ་ཐོན་ཚད་8ཉུང་དུ་ཕྱིན་ནས་1.10%ཆག་པ་དང་།  མི་ཤི་ཚད་45ཉུང་དུ་ཕྱིན་ནས་13.43%ཆག་པ།  རྨས་སྐྱོན་ཕོག་མཁན་མི་72མང་དུ་ཕྱིན་ནས་8.89%འཕར་བ།  ཐད་ཀའི་རྒྱུ་ནོར་གྱོང་གུན་ཕོག་ཚད་སྒོར་ཁྲི་70ལྷག་ཙམ་ཉུང་དུ་ཕྱིན་ནས་7.48%ཆག་པ་བཅས་རེད།

    ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་བདེ་ཆེན་སྐལ་བཟང་གིས་གསར་འགོད་པར“རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི་2013ལོའི་ཞིང་ཆེནགྲོང་ཁྱེར་དང་ཆུསཁག་གི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་་མི་སྣ་ཤི་རྨས་ཀྱི་དམིགས་ཚད་ཚོད་འཛིན་ཁྲོད་བོད་འདི་ཉིད་ཨང་དང་པོར་སླེབས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གི་བསྔགས་བརྗོད་ཐོབ་པ་མ་ཟད།  རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས།དེ་བཞིན་སྤྱི་བདེ་ཐིང་ཏང་ཨུད་ཀྱི་གདེང་འཇོག་གང་ལེགས་ཐོབ་ཡོད།  འོན་ཀྱང་གྲུབ་འབྲས་ཀྱི་མདུན་དུ་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྡེ་ཚན་ལ་དེ་བས་གསལ་བའི་ངོས་འཛིན་དང་དེ་བས་མང་བའི་འགན་འཁྲི་ཡོད”ཅེས་བཤད།  ཁོང་གིས“2014ལོར་འགྲིམ་འགྲུལ་དོ་དམ་ཆ་འཕྲིན་ཅན་ལ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་ལས་དོན་སྒྲུབ་པའི་ཐོག་འགྲིམ་འགྲུལ་ཉེན་རྟོག་པའི་ལས་སྒྲུབ་ལམ་ལུགས་སྔར་བས་སྒྱུར་བཅོས་བྱས་ཏེ་མི་དམངས་ཉེན་རྟོག་པས་ལམ་ངོས་ཐོག་ལས་དོན་སྒྲུབ་པའི་གྲངས་འབོར་ཉུང་དུ་གཏོང་དགོས།  བོད་ཀྱི་ཁྱད་ཆོས་དང་མཐུན་པའི་གཞུང་ལམ་ལས་སྒྲུབ་ལམ་སྲོལ་ཞིབ་འཇུག་བྱེད་པ་དང་དུས་མཚུངས་འབྱུང་རྩ་ནས་རླངས་འཁོར་ལ་དོ་དམ་ནན་དུ་བཏང་སྟེ་རླངས་འཁོར་དོ་དམ་ལས་སྒོ་སྔར་བས་ཚད་ལྡན་དུ་གཏོང་དགོས།  རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་དཔྱད་འགག་སྒོ་དང་ཁ་ལོ་བའི་རྒྱུགས་སྤྲོད་དང་ལག་ཁྱེར་སྤྲོད་པའི་འགག་སྒོ་ནན་པོ་སྲུང་དགོས་པའི”ཞིབ་ཕྲའི་བླང་བྱ་བཏོན་པ་རེད།

    སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ལུའེ་ཐའོ་ཡིས་ངོ་སྤྲོད་བྱས་པར།  2014ལོར་བོད་ལྗོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དཔུང་ཁག་འཛུགས་སྐྱོང་དང་།  ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་པ།  རིགས་ཁག་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་གཏོང་བ།  ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་དྲ་རྒྱ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་བདུན་ཐད་ཀྱི་ལས་དོན་མངོན་གསལ་ཐོག་དམ་འཛིན་བྱས་ཏེ་གནད་དོན་གང་ཞིག་འབུར་དུ་ཐོན་ཚེ་གནད་དོན་དེ་གཅིག་སྡུད་ཐོག་བཅོས་སྐྱོང་བྱེད་པ་དང་།  ལམ་དུམ་བུ་གང་ཞིག་རྙོག་འཛིང་ཆེ་ཚེ་ལམ་དུམ་བུ་དེར་གཅིག་སྡུད་ཐོག་བཅོས་སྐྱོང་བྱེད་པའི་བླང་བྱ་གཞིར་བཟུང་དུས་མཚམས་དང་།  ལམ་དུམ་བུ།  ཁྱབ་ཁོངས་བཅས་མི་འདྲ་བའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་ལ་གཞིགས་ནས་དབྱེ་ཞིབ་དང་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།  དུས་ངེས་ཅན་ནང་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་སྤེལ་བ།  གསར་འགྱུར་སྨྱན་སྦྱོར་ལ་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ།  ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ།  “དོ་དམ་ནན་པོ་དང་། ཞིབ་བཤེར་ནན་པོ། ཐག་གཅོད་ནན་པོ”བཅས་ཀྱི་རྣམ་པ་ཆགས་པ་བྱེད་པ།  མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་རྒྱུ་དེ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ།  དམངས་ཕན་གྱི་བྱེད་ཐབས་ཁག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རེ་བ་གསར་པ་དང་རེ་སྒུག་གསར་པ་ཧུར་ཐག་ངང་བསྒྲུབ་རྒྱུ་ཡིན།

མཛའ་འབྲེལ་དྲ་བ།
010020070840000000000000011100001331265381