གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། གྲོང་ གསེབ་ ཀྱི་ འགན་ བཅོལ་ གསར་ པའི་ ཁ་ གསབ་ རོགས་ དངུལ་ སྲིད་ ཇུས་ གྲས་ ཏེ་ གྲོང་ གསེབ་ ཀྱི་ རྒན་ གསོ་ འགན་ བཅོལ་ གསར་ པའི་ ཁ་ གསབ་ སྲིད་ ཇུས།
2014-02-19       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    2012ལོ་ནས་བཟུང་མི་སྒེར་གྱིས་ལོ་རེར་འཇལ་སྤྲོད་བྱ་རྒྱུའི་ཚད་གཞི་ནི་སྒོར་100ནས་1200བར་གདང་རིམ་བཅུ་གཉིས་ལ་དབྱེ་ཞིང་།  རིམ་ཁྱད་སྒོར་100ཡིན་པ་དང་མཐོ་ཤོས་ལ་སྒོར་3000འཇལ་ཆོགསྒེར་གྱིས་རིམ་པ་གང་རུང་གཅིག་བདམས་ཏེ་མ་དངུལ་འཇལ་སྤྲོད་བྱེད་ཆོག་པ་མ་ཟད།  མ་དངུལ་མང་ཙམ་འཇལ་ན་མི་སྒེར་གྱི་འཇལ་སྤྲོད་ཁ་གསབ་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་30ནས་85བར་གདང་རིམ་བཅུ་གཉིས་དབྱེ་ཞིང་རིམ་ཁྱད་སྒོར་5ཡིན་པ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་ལ་མ་དངུལ་འཇལ་སྤྲོད་བྱ་རྒྱུའི་ཚད་གཞི་དམའ་ཤོས་གཞིར་བཟུང་གྲངས་ཚད་ཁ་གསབ་སྤྲོད་རྒྱུ།  རྨང་གཞིའི་རྒན་གསོའི་གྲོན་དངུལ་མི་རེར་སྒོར་105ཡོད།  རྒན་གསོའི་གྲོན་དངུལ་གྱི་ཐོབ་ཆའི་ཚད་གཞི་ནི།  རྨང་གཞིའི་རྒན་གསོའི་གྲོན་དངུལ་དང་སྒེར་གྱི་རྩིས་ཁྲའི་ཐོག་གི་རྒན་གསོའི་གྲོན་དངུལ་ཡིན།  བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཐེམ་ཁོངས་ཡིན་ཞིང་ཧྲིལ་ལོ་60ལ་སླེབས་པའི་རྒན་རྒོན་རིགས་ལ་གྲོང་གསེབ་ཀྱི་འགན་བཅོལ་གསར་པའི་ཐེབས་རྩ་ནས་ཟླ་རེར་རྨང་གཞིའི་རྒན་གསོའི་གྲོན་དངུལ་སྒོར་105ཐད་ཀར་སྤྲོད་རྒྱུ།  མི་སྒེར་གྱི་རྩིས་ཁྲ་ནས་ཟླ་རེར་རྒན་གསོའི་གྲོན་དངུལ་སྤྲོད་རྒྱུའི་ཚད་གཞི་ནི་འགན་བཅོལ་ནང་ཞུགས་མཁན་ཧྲིལ་ལོ་60ལ་སླེབས་སྐབས་མི་སྒེར་གྱི་རྩིས་ཁྲའི་ཐེབས་རྩའི་ནང་གི་མ་དངུལ་སྡེབ་རྩིས་བྱས་པའི་བསྡོམས་འབོར་གྲངས་139བགོས་ནས་སྤྲོད་རྒྱུ།

    འགན་ཡུན་ལོ་གཅིག་ཟིན་པའི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སོགས་ཀྱི་འགོ་ཁྲིད་གོ་གནས་ཁུར་མཁན་ལ་དེའི་རྩ་དོན་གྱི་འཇལ་སྤྲོད་གདང་རིམ་ལ་གཞིགས་ནས་50ཁ་གསབ་སྤྲོད་རྒྱུ་ཡིན་མོད་མཐོ་ཤོས་ལ་སྒོར་600ནས་མི་བརྒལ་བ་བྱ་རྒྱུ།  འགན་ཡུན་ཐིམ་རྗེས་སྔར་བཞིན་སྤྱིར་བཏང་གྲོང་མི་ལྟར་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་སྤྲོད་བྱ་རྒྱུ།

    འཇལ་སྤྲོད་བྱེད་པའི་ཁ་གསབ་དང་སྒོར་55ཀྲུང་དབྱང་གི་ཁ་གསབ་རོགས་དངུལལས་བརྒལ་བའི་རྨང་གཞིའི་རྒན་གསོའི་གྲོན་དངུལ་ཆ་དེ་བོད་རང་སྐྱོང་ལྗོངས་དང་ས་གནསགྲོང་ཁྱེརདང་རྫོང་བཅས་རིམ་གསུམ་ནོར་སྲིད་ནས་བསྡུར་གྲངས་8:1:1ལྟར་སྤྲོད་འགན་འཁུར་རྒྱུ།

མཛའ་འབྲེལ་དྲ་བ།
010020070840000000000000011100001331267821