གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཡིད་ རྟོན་ དངུལ་ བུན་ སྒོར་ དུང་ ཕྱུར་ སྟོང་ གིས་ བོད་ ལྗོངས་ ཀྱི་ མཆོང་ སྐྱོད་ ལྟ་ བུའི་ འཕེལ་ རྒྱས་ ལ་ སྐུལ་ མ་ བཏང་ བ།
2014-02-20       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉེ་དུས་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན།2013ལོ་ནས་བཟུང་རང་ལྗོངས་ཀྱི་རིམ་ཁག་དངུལ་རྩའི་སྒྲིག་གཞིས་བོད་ལ་འཛིན་པའི་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་གི་དངུལ་ལོར་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སྒྲིག་དང་ནུས་ལྡན་གྱིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་སྟེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་དངུལ་རྩའི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད།

    ན་ནིང་ནས་བཟུང་རང་ལྗོངས་ཀྱི་རིམ་ཁག་དངུལ་རྩའི་སྒྲིག་གཞིས་གཙོ་གནད་ལ་དམ་འཛིན་ལྷོད་མེད་བྱས་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཐད་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་།རིམ་ཁག་དངུལ་རྩའི་སྒྲིག་གཞིས་རང་སྐྱོང་ལྗོངས་སྲིད་གཞུང་གི་མ་འཇོག་དང་མ་དངུལ་མཉམ་འདྲེས་ཀྱི་དགོས་མཁོར་གྲུབ་ཆའི་རང་བཞིན་གྱི་འགྱུར་ལྡོག་འགྲོ་བའི་ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་དང་ནུས་ལྡན་གྱི་བྱ་ཐབས་ཏན་ཏིག་སྤྱད་དེ་རྣམ་གྲངས་ཆེན་པོ་ལས་བྱུང་བའི་གྲངས་འབོར་མང་བའི་མ་དངུལ་གྱི་དགོས་མཁོར་དམ་པོར་གཞིགས་ནས་རྣམ་གྲངས་དངུལ་བུན་གྱི་དཀའ་ངལ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་སྦྲགས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་བདེ་བླག་ངང་ལས་འགོ་འཛུགས་ཐུབ་པ་བྱས་ཡོད་པ་རེད།

    གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཐད་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་མཉམ་འདྲེས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཤིང་།རང་ལྗོངས་ཀྱི་རིམ་ཁག་དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཆེད་གཉེར་ཞབས་ཞུའི་སྒྲིག་གཞི་དང་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཁྱད་ཆོས་དང་འཚམ་པའི་ཡིད་རྟོན་གདེང་འཇོག་མ་ལག་དང་ཡིད་རྟོན་བྱ་དགའི་དཔྱད་ཞིབ་ལམ་ལུགས་བཟོས་ནས་དངུལ་རྩས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ“མི་དམའ་བ”གཉིས་ཀྱི་དམིགས་ཚད་བསྒྲུབ་ཐུབ་པ་བྱས་པ་དང་།ཁེ་ལས་རེར་ཡིད་རྟོན་དངུལ་བུན་སྒོར་ཁྲི་500མན་ཐོབ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་གཙོ་གནད་དུ་ཆེ་རུ་བཏང་བ།ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་དངུལ་བུན་གྱི་གཟིགས་སྐྱོང་སྲིད་ཇུས་སྔར་བས་འཐུས་ཚང་དང་འཕེལ་རྒྱས་བཏང་ནས་རྫོང་དང་དེ་བཞིན་རྫོང་མན་གྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་དངུལ་བུན་ཚང་མ་དངུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་ཁྱབ་ཁོངས་ནང་བཅུག་སྟེ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་མཉམ་འདྲེས་ཀྱི་མ་གནས་དམའ་རུ་དང་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་ཡོད་པ་རེད།

    གྲངས་གཞི་ལས་མངོན་གསལ།2013ལོའི་ཟླ་10པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིར་མི་དམངས་ཤོག་སྒོར་དང་ཕྱི་རྒྱལ་གྱི་དངུལ་ལོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་2560.94ཟིན་པ་དང་མི་དམངས་ཤོག་སྒོར་དང་ཕྱི་རྒྱལ་གྱི་དངུལ་ལོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེ་མོ་ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར་1003.02ཟིན་པ་དང་འཕར་ཚད་དང་འཕར་གྲངས་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    ཡིད་རྟོན་དངུལ་བུན་གྱི་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་སྔར་བས་ཆེ་རུ་དང་དབུལ་པོའི་དུད་ཚང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རྒྱབ་སྐྱོར་བྱ་ཆེད།རང་ལྗོངས་ཀྱི་རིམ་ཁག་དངུལ་རྩའི་སྒྲིག་གཞིས་ལྗོངས་ནོར་སྲིད་ཐིང་དང་།དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་།བསྡོམས་རྩིས་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་ཧུར་ཐག་བྱས་ནས་བརྟག་དཔྱད་ཞིབ་འཇུག་དང་ཐབས་འདོན་ཇུས་འགོད་བྱས་ཡོད།2013ལོའི་ཟླ་7ཚེས་21ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་9པའི་ཐོག《དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་བརྡ་ཐོ》དང《རྣམ་གྲངས་ཀྱི་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་བེད་སྤྱོད་དང་དོ་དམ་བསམ་འཆར་སྐོར་གྱི་བརྡ་ཐོ》ལ་ཞིབ་འཇུག་དང་མོས་མཐུན་བྱས་ནས་བཟོས་པའི་ནང་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་སྲིད་ཇུས་གསར་པ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་དེས་དམིགས་བསལ་དང་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་པོའི་ཁོངས་ཀྱི་ཞིང་འབྲོག་དུད་ལ་བཏང་བའི་དངུལ་བུན་དང་དེ་བཞིན་དབུལ་སྐྱོར་འགན་འཁྲི་ཁ་གསལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་དབུལ་པོའི་དུད་ཚང་ཕྱུག་འགྱུར་སྣེ་ཁྲིད་ཐུབ་པའི་ཕྱུག་འགྱུར་འཇོན་ཐང་ཅན(སྔོན་ཐོན་གཉིས་ལྡན་དུད་སྦྲེལ་དང་འབྱོར་འབྲིང་དུད་ཚང་དང་དུད་ཆེན)གྱི་རྣམ་གྲངས་དང་།དབུལ་པོའི་གྲོང་ཚོ་དང་དབུལ་པོའི་དུད་ཚང་གི་ཡོང་འབབ་མང་དུ་གཏོང་རྒྱུ་དང་འབྲེལ་བ་ཆེ་བའི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་དང་།དབུལ་སྐྱོར་སྣེ་འདྲེན་ཁེ་ལས།ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་དཔལ་འབྱོར་རྩ་འཛུགས།ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆུང་གྲས།སྤྱི་ཚོགས་བྱ་གཞག་སོགས་ཀྱི་རྣམ་གྲངས།རྫོང་དང་དེ་བཞིན་རྫོང་མན་གྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་རྣམ་གྲངས་བཅས་ཚང་མ་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་གཏོང་ཁོངས་སུ་བཅུག་སྟེ་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་ཁེབས་རྒྱ་སྔར་བས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ཐོན་སྐྱེད་གོང་འཕེལ་དང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་རེད།མིག་སྔར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་རང་ལྗོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་སྲིད་ཇུས་དེ་ཉིད་ཁྱབ་རྒྱ་ཆེ་ཤོས་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་ཤུགས་ཆེ་ཤོས་ཡིན་ཞིང་།2013ལོའི་ཟླ་9པའི་ཟླ་མཇུག་བར་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་65.56ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་34.35འཕར་ནས་ལྡབ་1.1མང་དུ་སོང་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331295491