གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ སྤྱི་ ཚོགས་ འགན་ སྲུང་ མ་ ལག་ འཛུགས་ སྐྱོང་ སྐོར་ གྱི་ སྒྲིལ་ གླེང་།
2014-02-21       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་པ་དང་བོད་ལྗོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་མ་དངུལ་གྲབས་གསོག་ཧུར་ཐག་བྱས་ཏེ་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་གཏོང་ཆ་མང་དུ་བཏང་བས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་མ་ལག་འཛུགས་སྐྱོང་གི་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད་པ་རེད།  ད་ཆ་བོད་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་མ་ལག་དང་རིམ་པ་མང་བའི་སྨན་བཅོས་འགན་བཅོལ་མ་ལག་ཅིག་བསྐྲུན་ཟིན་པས་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་གཞི་རྩའི་འཚོ་བར་འགན་ལེན་བྱེད་པའི་ནུས་པ་ལོ་ལྟར་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

    ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ།

    “གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གྱི་ལམ་ལུགས་གསར་པའི་སྲིད་ཇུས་ཀྱིས་ང་ཚོ་གྲོང་གསེབ་ཀྱི་རྒན་རྒོན་ཚོའི་སེམས་ཁྲལ་སེལ་ནས་རྒས་དུས་འཚོ་བརྟེན་ཡོད་པས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་ཆེས་ཆེར་ཕྱིན་སོང་།  ད་ཆ་གྲོང་ཚོའི་ཁྱིམ་ཚང་མང་ཆེ་བས་འགན་བཅོལ་ནང་ཞུགས་རྒྱུ་ཐོ་འགོད་བྱས་ནས་ཚང་མར་སླད་ཕྱིན་གྱི་འཚོ་བར་རེ་སྒུག་བྱེད་ས་ཡོད་པ་ཞིག་བྱུང”ཞེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་ཡབ་མདའ་གྲོང་ཚོའི་གྲོང་མི་རྒད་པོ་པ་སངས་ཀྱིས་བཤད།  གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གྱི་ལམ་ལུགས་གསར་པའི་སྲིད་ཇུས་ལྟར་འགྲོ་གྲོན་གང་ཡང་བསྡུ་དགོས་མེད་པར་ད་དུང་ཟླ་རེར་སྒོར་100ཡི་རྨང་གཞིའི་རྒན་གསོའི་དངུལ་ཀྱང་ལེན་རྒྱུ་ཡོད་པས་དེ་འཚོ་བ་དེ་ཙམ་ཕྱུག་པོ་མེད་པའི་རྒད་པོ་པ་སངས་ཀྱི་ངོས་ནས་བརྗོད་ན་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ཞིག་རང་རེད།

    བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ།  གྲོང་གསེབ་ཀྱི་ཡུལ་མིར་རྒས་དུས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱས་ནས་རྒས་དུས་འཚོ་བརྟེན་ཡོད་པ་བྱ་ཆེད་བོད་ལྗོངས་ཀྱིས་2009ལོར《གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ཚོད་ལྟའི་ལག་བསྟར་བྱ་ཐབསཚོད་ལྟ》དངོས་སུ་བཏོན་པ་དང་2010ལོར་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ཡོངས་སུ་ལག་བསྟར་བྱས་པ་དེ་སྔོན་གཏན་འཁེལ་བའི་དམིགས་ཚད་ལས་ལོ་གཉིས་སྔ་བསྣུར་དུ་མངོན་འགྱུར་བྱུང་བ་རེད།

    སྲིད་གཞུང་གིས་རྒན་གསོའི་དངུལ་ལེན་པའི་ཆ་རྐྱེན་འཛོམས་པའི་འགན་བཅོལ་ནང་ཞུགས་མཁན་ལ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་རྨང་གཞིའི་རྒན་གསོའི་དངུལ་ཆ་ཚང་སྤྲད་པ་དང་དུས་མཚུངས།  འགན་བཅོལ་ནང་ཞུགས་མཁན་གྱི་རང་མོས་ལྟར་གདམ་ཀ་བྱས་པའི་གྲོན་བསྡུའི་ཚད་གཞི་བཞིན་ལོ་ལྟར་སྒོར་30ནས་85བར་གྱི་གྲོན་བསྡུའི་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད།  གཞན་ཡང་གཏན་འབེབས་ལྟར་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་ནང་ཞུགས་པའི་དབང་པོ་སྐྱོན་ཅན་དང་།  མི་ཧྲེང་རྒན་རྒོན།  མ་མཐའི་འཚོ་བ་འགན་ལེན་དུད་ཚང་སོགས་སྤྱི་ཚོགས་ཀྱི་ཉམས་ཞན་གྲས་ལ་སྲིད་གཞུང་གིས་དེར་མ་མཐའི་དམིགས་ཚད་ཀྱི་རྒན་གསོའི་འགན་བཅོལ་དངུལ་ཚབ་འཇལ་བྱས་པ་དང་འབྲེལ་བལྟོས་བཅས་ཀྱི་གྲོན་བསྡུའི་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་བྱུང་བ་རེད།  2013ལོར་བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་རྨང་གཞིའི་རྒན་གསོའི་དངུལ་2012ལོའི་མི་རེར་ཟླ་རེར་སྒོར་90ནས་སྒོར་105བར་མང་དུ་བཏང་བ་རེད།

    ཞིང་འབྲོག་མང་ཚོགས་ཀྱིས་ནད་གཞི་ཆེ་གྲས་ཀྱི་ཉེན་ཁ་འགོག་ནུས་སྔར་བས་ཆེ་རུ་གཏོང་ཆེད།  2013ལོར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཞིང་འབྲོག་པའི་སྨན་བཅོས་ཚོང་ལས་འགན་བཅོལ་ཁག་ཐེག་གྲོན་དངུལ་འབོར་ཆེན་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པར་སྨན་བཅོས་འགན་བཅོལ་གྱི་དངུལ་འབོར་ཆེན་ཁ་གསབ་བརྒྱབ་པ་རེད།  འགན་བཅོལ་གྱི་དུས་ཚད་ནང་འགན་བཅོལ་བྱ་ཡུལ་རེས་སྤྲོད་དགོས་པའི་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་གཏན་འབེབས་དང་འཚམ་པའི་སྨན་བཅོས་འགྲོ་གྲོན་ཚང་མ་ཚེ་སྲོག་འགན་བཅོལ་རྒྱུ་ནོར་ཉེན་འགོག་བོད་ལྗོངས་ཡན་ལག་ཀུང་སིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རྩིས་ཞུའི་ཁ་གསབ་སྲིད་ཇུས་ཀྱི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་ལ་སྒོར་ཁྲི་6ཡན་ཡིན་པའི་ཆ་ཤས་ལ་སྐྱིན་ཚབ་100%སྤྲད་ནས་མི་རེར་ལོ་རེར་ཚད་གཞི་མཐོ་ཤོས་སྒོར་ཁྲི་7ཡིན་ཞིང་།  དེ་ལྟར་བྱས་པས་བོད་ལྗོངས་ཀྱི་ཞིང་འབྲོག་པའི་སྨན་བཅོས་རྩིས་ཞུའི་བཅད་གྲངས་མཐོ་ཤོས་དེ་ལོར་ཆ་སྙོམས་སྒོར་ཁྲི་13ཟིན་ནས་བོད་ལྗོངས་ཀྱི་ཞིང་འབྲོག་པའི་སྨན་བཅོས་འགན་སྲུང་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་འགན་སྲུང་ཚད་གཞི་མཐོ་རུ་བཏང་བ།

    བོད་ལྗོངས་ཀྱིས་2011ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་།  ལྗོངས་ཡོངས་ཀྱི་རྫོང་73གྲོང་ཁྱེར་དང་ཆུསཚང་མ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གྱི་ཚོད་ལྟ་བྱེད་ཁོངས་སུ་བཅུག་ནས་ས་ཁོངས་ཅན་གྱི་དོ་དམ་དང་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་བྱས་ཡོད།  གཏན་འབེབས་གཞིར་བཟུང་འགན་བཅོལ་ནང་ཞུགས་མཁན་གྱིས་རང་མོས་གདམ་ཀ་བྱས་པའི་གྲོན་བསྡུའི་ཚད་གཞི་ལྟར་སྲིད་གཞུང་གིས་ལོ་རེར་སྒོར་30ནས་85བར་གྱི་གྲོན་བསྡུའི་ཁ་གསབ་སྤྲོད་ཀྱི་ཡོད་པས་སྒོར་5ཡི་ཁྱད་པར་ལས་མེད་པ་དང་དངུལ་མང་ཤོས་སྒོར་85ལས་བརྒལ་མེད།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིས་རྒན་གསོའི་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་དུས་ལོ་15བརྒལ་རིགས་ལོ་རེ་བརྒལ་ཚེ་ཟླ་རེར་1%གི་གཞི་རྩའི་རྒན་གསོའི་དངུལ་གསབ་སྣོན་བྱེད་ཀྱི་ཡོད།  ལོ་60ལོན་པ་དང་རིམ་རྩིས་བྱས་ན་གྲོན་དངུལ་འཇལ་དུས་ལོ་15ཟིན་པའི་འགན་ཞུགས་མི་སྣར་ལོ་60དངོས་སུ་ལོན་པའི་ཟླ་བ་གཉིས་པ་དེ་ནས་བཟུང་ཟླ་རེར་རྒན་གསོའི་དངུལ་སྤྲོད་ཀྱི་ཡོད།

    2007ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་པ་དང་འབྲེལ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་རེད།  2013ལོར་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་བསྡུའི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར་260ནས་མི་རེར་ལོ་རེར་སྒོར་300བར་མཐོ་རུ་བཏང་བ་རེད།  2011ལོར་བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་གྲངས་འབོར་ཆེ་བའི་སྨན་བཅོས་འགྲོ་གྲོན་གྱི་ཚོང་ལས་ཁ་གསབ་འགན་བཅོལ་ཉོ་འགོ་ཚུགས་པ་དང་།  2013ལོར་བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གྲངས་འབོར་ཆེ་བའི་ཁ་གསབ་ཚོང་ལས་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་བསྡུར་གྲངས་དང་དེ་བཞིན་གཏོང་སྤྲོད་ཀྱི་བཅད་གྲངས་མཐོ་ཤོས་སྔར་བས་མཐོ་རུ་བཏང་ནས་རྩིས་ཞུའི་བསྡུར་གྲངས་དེ་སྔོན་གྱི་85%ནས་90%བར་མཐོ་རུ་བཏང་བ་དང་གཏོང་སྤྲོད་ཀྱི་བཅད་གྲངས་མཐོ་ཤོས་ཁྲི་8ནས་ཁྲི་14བར་མཐོ་རུ་བཏང་བ་རེད།

    གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་མཐོ་རུ་བཏང་བ།

    ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་ཐོབ་ཐང་ཚད་གཞི་ལོ་རེ་བཞིན་མཐོ་རུ་བཏང་ཞིང་།  2013ལོར་ཚད་གཞི་མཐོ་རུ་བཏང་རྗེས་ཀྱི་བོད་ལྗོངས་ཀྱི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་སྒོར་3018ཟིན་པ་དང་།  ལས་རྨས་མི་སྣ་རྙིང་པར་སྤྲོད་གཅིག་མར་རྨས་སྐྱོན་དང་དབང་སྐྱོན་གྱི་ཁ་གསབ་མ་དངུལ་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པ་བྱ་ཆེད་ལས་རྨས་མི་སྣ་རྙིང་པའི་ཐོབ་ཐང་དོན་འཁྱོལ་ཧུར་ཐག་བྱས་པ་དང་འབྲེལ།  བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་40%གཞིར་བཟུང་ཁ་གསབ་བྱས་ནས་ལོ་ཧྲིལ་པོར་ཁྱོན་ཁ་གསབ་སྒོར་ཁྲི་135.08བརྒྱབ་པ་རེད།

    2001ལོའི་ལོ་མཇུག་ཏུ་བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཚོད་ལྟའི་ལས་དོན་དངོས་སུ་བྱེད་འགོ་ཚུགས་པ་དང་།  2006ལོར་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ།  2009ལོའི་ཟླ་10ཚེས་1ཉིན་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་བྱེད་ཐུབ་པ་བྱུང་བ།  2011ལོའི་ཟླ་དང་པོར་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལོ་འཁོར་གྱི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར་ཁྲི་6ནས་སྒོར་ཁྲི་8བར་མཐོ་རུ་བཏང་བ་བཅས་རེད།  2008ལོར་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོར་གྲངས་འབོར་ཆེ་བའི་སྨན་བཅོས་འགྲོ་གྲོན་གྱི་ཚོང་ལས་ཁ་གསབ་འགན་བཅོལ་ཉོ་འགོ་ཚུགས་པ་དང་2013ལོར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མུ་མཐུད་མ་དངུལ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གྲངས་འབོར་ཆེ་བའི་སྨན་བཅོས་འགྲོ་གྲོན་གྱི་ཚོང་ལས་ཁ་གསབ་འགན་བཅོལ་ཉོས་ནས་ལོ་འཁོར་གྱི་འགན་བཅོལ་དངུལ་གྲངས་སྒོར་ཁྲི་22བར་མཐོ་རུ་བཏང་བ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་རྩིས་ཞུའི་བཅད་གྲངས་མཐོ་ཤོས་མི་རེར་ལོ་རེར་ཆ་སྙོམས་སྒོར་ཁྲི་30བར་མཐོ་རུ་བཏང་སྟེ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་སྲུང་གི་ཆུ་ཚད་ཆེས་ཆེར་མཐོ་རུ་བཏང་བ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་ནད་གཞི་ཕོག་པའི་ལས་བཟོའི་ཁྱིམ་ཚང་གི་དཀའ་ངལ་ནུས་ལྡན་སེལ་བ།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་སྔར་བས་མཐོ་རུ་བཏང་བ་བཅས་བྱས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331328801