གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཁྲོན་ བོད་ གློག་ དྲའི་ དྲ་ སྦྲེལ་ ལས་ གྲྭ་ ཟླ་ འདིའི་ ཟླ་ མཇུག་ ཏུ་ ལས་ འགོ་ འཛུགས་ རྒྱུ་ ཡིན་ པ།
2014-02-21       གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།  གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་འདོན་ཚད་ཡོད་ཀུང་སི་ཆབ་མདོའི་ཡན་ལག་ཀུང་སི་ནས་ཤེས་རྟོགས་བྱས་པར།  ཆབ་མདོའི་གློག་དྲ་དང་སི་ཁྲོན་གློག་དྲའི་དྲ་སྦྲེལ་གློག་སྒྱུར་ལས་གྲྭའི་ལག་ལེན་བསྟར་འཐུས་ཀྱི་ཞིབ་འཇུག་སྙན་ཞུར་ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་མཆན་འགོད་བཀའ་ལན་ཐོབ་པ་དང་ལས་གྲྭ་དེ་ཟླ་2པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་ལས་འགོ་འཛུགས་རྒྱུ་ཡིན་པ་རེད།

    ཁྲོན་བོད་གློག་དྲའི་དྲ་སྦྲེལ་ལས་གྲྭ་ནི་མཚོ་བོད་གློག་དྲའི་དྲ་སྦྲེལ་ལས་གྲྭ་ལག་ལེན་བསྟར་རྗེས་བོད་ལྗོངས་གློག་ཤུགས་ཀུང་སིས་ལག་ལེན་བསྟར་བའི་ལས་གྲྭ་ཆེན་པོ་ཞིག་ཡིན་ལ་ས་བབ་མཐོ་བའི་ས་ཁུལ་དུ་ལག་ལེན་བསྟར་བའི་གློག་གཏོང་སྒྱུར་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།  ལས་གྲྭ་ལག་ལེན་བསྟར་བ་དེས་བོད་དང་སི་ཁྲོན་བོད་རིགས་ས་ཁུལ་གྱི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆར་སྒྱུར་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

    ཁྲོན་བོད་གློག་དྲའི་དྲ་སྦྲེལ་ལས་གྲྭ་དེས་ཆབ་མདོ་ས་ཁུལ་དང་སི་ཁྲོན་དཀར་མཛེས་ཀྲོའུ་ཡི་ལྷོ་རྒྱུད་འབྲེལ་མཐུད་ཐུབ་ནས་དཀར་མཛེས་ཀྲོའུ་ཡི་ཕྱག་ཕྲེང་རྫོང་དང་།  འབའ་ཐང་རྫོང་།  དེ་བཞིན་ཆབ་མདོ་ས་ཁུལ་གྱི་སྨར་ཁམས་རྫོང་དང་།  བྲག་གཡབ་རྫོང་།  ཆབ་མདོ་རྫོང་།  དཔའ་ཤོད་རྫོང་།  འཇོ་མདའ་རྫོང་བཅས་བརྒྱུད་རྒྱུ་ཡིན་པ་དང་།  འབའ་ཐང་དང་ཆབ་མདོར་ཆན་ཕུའུ་5000ཡི་གློག་སྒྱུར་ས་ཚིགས་གཉིས་དང་དེ་བཞིན་གཡུ་ལུང་དང་སྤམ་མདར་ཆན་ཕུའུ་220ཡི་གློག་སྒྱུར་ས་ཚིགས་གཉིས་སྐྲུན་རྒྱུ་ཡིན་པས་ལས་གྲྭར་འཆར་གཞི་བྱས་ན་མ་དངུལ་སྒོར་དུང་ཕྱུར་65.06གཏོང་རྒྱུ་དང་དངོས་སུ་མ་དངུལ་བསྡོམས་སྒོར་དུང་ཕྱུར་66.31བཏང་ཡོད་པ་རེད།

    རྒྱལ་ཁབ་གློག་དྲ་ཀུང་སིའི་བཀོད་སྒྲིག་གཞིར་བཟུང་རྣམ་གྲངས་ཀྱི་ཁྲིམས་མི་ཡིན་པའི་རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སིས་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་འཛུགས་སྐྲུན་དང་གཉེར་སྐྱོང་དང་དེ་བཞིན་བུན་གཡར་གྱི་མ་སྐྱེད་འཇལ་བ་བཅས་ཀྱི་འགན་འཁུར་རྒྱུ་དང་བོད་ལྗོངས་གློག་ཤུགས་ཀུང་སིས་གཞོགས་འདེགས་དམ་ཟབ་བྱ་རྒྱུ་ཡིན་པ་རེད།  ཁྲོན་བོད་དྲ་སྦྲེལ་ལས་གྲྭ་དེ་2015ལོར་སྐྲུན་ཟིན་རྗེས་ཆབ་མདོའི་གློག་དྲ་དང་འབའ་ཐང་གློག་དྲ་དེ་གཉིས་སི་ཁྲོན་གློག་དྲའི་དྲ་ཆེན་དང་འབྲེལ་མཐུད་ཐུབ་སྟེ་ས་ཁུལ་དེ་གཉིས་ཀྱི་གློག་དྲའི་གློག་མཁོ་འདོན་ནུས་པ་ཆེ་རུ་དང་གློག་མཁོ་འདོན་བརྟན་པོ་ཡོང་བ་བྱས་ཐོག་ལས་གྲྭའི་ལམ་རྒྱུད་ཀྱི་གློག་མེད་པའི་ས་ཁུལ་དུ་གཞི་རྩའི་ཆ་ནས་གློག་གཏོང་ཐུབ་རྒྱུ་ཡིན་པ་མ་ཟད་འབྱུང་འགྱུར་འབྲི་ཆུ་དང་།  རྫ་ཆུ།  རྒྱལ་མོ་རྔུལ་ཆུ་དང་དེ་བཞིན་གཡུ་ཆུ་བཅས་ཀྱི་གློག་ཁང་གསར་པ་སྐྲུན་ནས་ནུབ་གློག་ཤར་གཏོང་གི་ནུས་རྒྱུ་མཐུད་སྦྲེལ་རྟེན་གཞི་གཏོད་ཆེད་ས་ཁུལ་དེ་གཉིས་ཀྱི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆར་སྒྱུར་བའི་གྲ་སྒྲིག་བྱས་ཏེ་ཁྲོན་བོད་ས་ཁུལ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་རྒྱུར་རོགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན།  2013ལོའི་ཟླ་8ཚེས་21ཉིན་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་དང་འབའ་ཐང་གི་ཆན་ཕུའུ་500ཡི་གློག་སྒྱུར་ས་ཚིགས་ཀྱི་རྩིག་རྨང་བཏིང་རྗེས་བོད་ལྗོངས་ཆབ་མདོ་ས་ཁུལ་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཡིས་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་མང་ཚོགས་ཀྱི་ལས་དོན་ནན་ཏན་བསྒྲུབས་པའི་ཁར་ཨར་ལས་བྱ་ཡུལ་ཁག་གི་ཚན་པས་ས་ཆ་བསྡུ་བ་དང་གནས་སྤོ་དང་།  གཞུང་ལམ་ཉམས་བཟོ།  དངོས་ཟོག་སྐྱེལ་འདྲེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཀྱི་ལས་དོན་བསྒྲུབ་རྒྱུར་གཞོགས་འདེགས་བྱས་ཏེ་ལས་གྲྭ་ཁྱོན་ཡོངས་ནས་ལས་འགོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331329791