གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། འདི་ ལོ་ བོད་ ཀྱིས་ འགན་ ལེན་ ཁང་ པ་ ཁྲི་ 6.5བསྐྲུན་ རྒྱུ་ དང་ ལྗོངས་ ཡོངས་ ཀྱི་ རྫོང་ ཚང་ མར་ ཁྱབ་ པ་ བྱ་ རྒྱུ་ ཡིན་ པ།
2014-03-05       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་བོད་ཀྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་6.5བསྐྲུན་རྒྱུའི་འཆར་གཞི་ཡོད་པ་དང་ལྗོངས་ཡོངས་ཀྱི་རྫོང་ཚང་མ་དང་། ཤང་དང་གྲོང་རྡལ་མང་ཆེ་བར་ཁྱབ་པ་བྱ་རྒྱུ་ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་སྡོད་ཁང་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོའི་བར། བོད་ཀྱིས་ཁང་གླ་ཁེ་བའི་སྡོད་ཁང་ཁྲི་2དང་། སྤྱི་པའི་བོགས་གཏོང་ཁང་པ་ཁྲི་2.82བསྐྲུན་པ་དང་། སྡོད་ཁང་སྐྱོ་ཁུལ་ཁྲི་2.29སྒྱུར་སྐྲུན་བྱས་ཡོད། འགྲོ་གྲོན་ཐད་“ལོ་ལྔ་ཚན་བཅུ་གཉིས་པའི་”གོང་གི་ལོ་གསུམ་ནང་འགན་ལེན་ཁང་པའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་36བཏང་བ་དང་2013ལོར་བོད་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་24བཏང་ནས་འགན་ལེན་ཁང་པ་ཁྲི་3.9ཡི་གཙོ་གཟུགས་ལས་གྲྭའི་འཛུགས་སྐྲུན་ལེགས་གྲུབ་བྱས་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001331629751