གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། སྣར་ ཐང་ པར་ མའི བསྟན་ འགྱུར པར་ བརྐོའི་ ལས་ དོན་ དུས་ སང་ ལེགས་ འགྲུབ་ ཡོང་ རྒྱུ་ ཡིན་ པ།
2014-03-24       གསར་འགྱུར་འབྱུང་ཁུངས།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་ཆར་གསར་འགོད་པས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ནས་ཤེས་རྟོགས་བྱས་པར།  ལོ་20ལྷག་ཙམ་སྲུང་སྐྱོང་དང་མྱུར་སྐྱོབ་བྱས་པའི་བོད་ཀྱི་སྣར་ཐང་པར་མའི《བསྟན་འགྱུར》དེ་ཉིད་མིག་སྔར་པོ་ཏི་205པར་ཤིང་དུ་བརྐོས་ཟིན་པ་དང་དེ་བྱིངས་པོ་ཏི་20སྔོན་དཔག་བྱས་ན་དུས་སང་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན།  ནང་དོན་ཕུན་སུམ་ཚོགས་པ་དང་བསྟན་དོན་གཏིང་ཟབ་པའི་བོད་ཡིག་གི《བཀའ་བསྟན་འགྱུར》འདི་ཉིད་བོད་བརྒྱུད་ནང་བསྟན་གྱི་རྩ་ཆེའི་གཞུང་ལུགས་ཁྲོད་ཀྱི་གསུང་རབ་ཅིག་ཏུ་གྱུར་པ་དང་ལོ་བརྒྱ་ཕྲག་རིང《བཀའ་བསྟན་འགྱུར》བརྐོས་པའི་པར་ཤིང་དག་རྟེན་ཆས་སུ་བརྩིས་ནས་ཉར་ཚགས་བྱས་པ་དང་མཁོ་དགོས་ཆེ་སྐབས་གཞི་ནས་པར་དུ་འདེབས་ཀྱི་ཡོད།

    སྣར་ཐང་དགོན་ནི་བོད་ཀྱི་པར་ཁང་སྔ་ཤོས་ཡིན་པ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་བཀའ་བཞིན་སྐྲུན་པ་ཞིག་རེད།  ལོ་རྒྱུས་ཐོག་སྣར་ཐང་དགོན་པར་ནད་མུག་འཁྲུག་རྩོད་ཀྱི་བར་ཆད་ཐེངས་མང་བྱུང་ནས་རྩ་ཆེའི་པར་ཤིང་འབོར་ཆེན་གཏོར་བརླག་སོང་ཞིང་།  བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱ་ཆེད།  1991ལོ་ནས་བཟུང་བོད་ལྗོངས་ཀྱིས《བཀའ་བསྟན་འགྱུར》བརྐོས་པའི་རྩ་ཆེའི་པར་ཤིང་དག་སྲུང་སྐྱོང་དང་མྱུར་སྐྱོབ་བྱེད་འགོ་བཙུགས།  ད་རེས་བརྐོ་བཞིན་པའི་སྣར་ཐང་པར་མའི《བསྟན་འགྱུར》ནི་སྣར་ཐང་པར་ཁང་གི་པར་མ་ཡིན་པ་དང་ཕོ་བྲང་པོ་ཏ་ལའི་པར་མར་གཞིགས་ཏེ་བརྐོ་དགོས་པས་དེའི་རིང་ཁྱོན་པོ་ཏི་225ལེགས་འགྲུབ་བྱེད་དགོས་པ་དང་པར་ཤིང་ཁྲི་7.8ཐོག་བརྐོ་དགོས་ཀྱི་ཡོད།  པར་བརྐོའི་ལས་དོན་ཧྲིལ་པོ་སྔོན་དཔག་བྱས་ན་དུས་སང་ལེགས་འགྲུབ་ཡོང་རྒྱུ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332093391