གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ ཉིང་ ཁྲིས་ འཆར་ གཞི་ ལྟར་ ན་ ནགས་ བཟོ་ མུའུ་ ཁྲི་ 14བྱས་ ནས་ སྣོད་ བཅུད་ བདེ་ འཇགས་ སྲུང་ ཡོལ་ བསྐྲུན་ པར་ སྐུལ་ འདེད་ གཏོང་ རོགས་ བྱེད་ པ།
2014-03-25       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།  2014ལོར་བོད་ལྗོངས་ཉིང་ཁྲིས་འཆར་གཞི་ལྟར་ན་མུའུ་ཁྲི་14ལྷག་ཙམ་གྱི་ནགས་བཟོའི་ལས་གྲྭ་ལག་ལེན་བསྟར་ནས་བོད་ལྗོངས་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པར་ནུས་ཤུགས་འདོན་རྒྱུ་རེད།

    ཉིང་ཁྲི་ས་ཁུལ་ནགས་ལས་ཅུས་གཞུང་དོན་ཁང་གི་ཀྲུའུ་རེན་ནོར་བུས།  2014ལོར་ཉིང་ཁྲི་ས་ཁུལ་གྱི་ནགས་བཟོའི་འཆར་གཞི་ནི་མུའུ་140710ཡིན་པ་དང་། མིག་སྔར་མུའུ་11143ལེགས་གྲུབ་ཟིན་ནས་ལེགས་གྲུབ་བྱེད་ཚད་བརྒྱ་ཆ་8ཡིན་ཞིང་། དེའི་ཁྲོད་གཙོ་གནད་ས་ཁོངས་ཀྱི་སྤྱི་ཕན་ནགས་ཚལ་བསྐྲུན་པའི་འཆར་གཞི་ནི་མུའུ་29109ཡིན་པ་དང་མུའུ་9641ལེགས་གྲུབ་ཟིན་ནས་ལེགས་གྲུབ་བྱེད་ཚད་བརྒྱ་ཆ་33.12ཡིན། ནགས་བཟོའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན་པ་དང་ནགས་བཟོའི་ལས་དོན་ཧྲིལ་པོ་སྟོན་ཁ་བར་རྒྱུན་མཐུད་དུ་སྤེལ་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན་ཟླ་བ་9པའི་ཟླ་མཇུག་སྐབས་འཆར་འགོད་ཀྱི་ལས་འགན་ཆ་ཚང་ལེགས་གྲུབ་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ནགས་བཟོའི་གཙོ་གནད་རྣམ་གྲངས་ཤིག་ནི་གཙོ་གནད་ས་ཁོངས་ཀྱི་སྤྱི་ཕན་ནགས་ཚལ་བསྐྲུན་རྒྱུ་དེ་ཡིན་ཞིང་། ཉིང་ཁྲི་ས་ཁུལ་གྱི་གལ་ཆེ་བའི་གྲོང་རྡལ་དང་གཞུང་ལམ་གྱི་ལམ་རྒྱུད་གཙོ་བོ། གནམ་ཐང་། སྐད་གྲགས་ལྡན་པའི་ལྗོངས་ཁུལ། མཐའ་མཚམས་འགག་སྒོ་སོགས་ཀྱི་ས་ཁོངས་སུ་གཙོ་གནད་འཆར་འགོད་ནགས་བཟོ་བྱེད་ཀྱི་ཡོད། 

    “ནགས་བཟོའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་པ་བརྒྱུད་2018ལོར་བོད་ཀྱི་ཉིང་ཁྲི་ས་ཁུལ་གྱིས་ནགས་ཚལ་ཁྱབ་ཚད་བརྒྱ་ཆ་53.5ཟིན་ཐུབ་པ་བྱས་ནས་2013ལོ་དང་བསྡུར་ན་བརྒྱ་ཆ་1.5འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་སྤྱིའི་རིན་ཐང་སྒོར་དུང་ཕྱུར་6.2ཟིན་པ་བྱས་ནས་2013ལོ་དང་བསྡུར་ན་ལྡབ་གཅིག་འཕར་བ་བཅས་བྱས་ཏེ་བོད་ལྗོངས་ས་ཁུལ་ཡོངས་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་ཐད་ཉིང་ཁྲི་ས་ཁུལ་གྱིས་དམིགས་བསལ་ལེགས་སྐྱེས་འབུལ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་ནོར་བུས་བརྗོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332121171