གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱིས་ ཞིང་ འབྲོག་ ཁུལ་ གྱི་ སྨན་ བཅོས་ ལམ་ ལུགས་ ཀྱི་ སྲིད་ གཞུང་ ནས་ ཁ་ གསབ་ རོགས་ དངུལ་ སྤྲོད་ པའི་ ཚད་ གཞི་ སླར་ ཡང་ མཐོ་ རུ་ བཏང་ བ།
2014-03-25       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ནས་ཚེས་24ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། འདི་ལོ་བོད་ཀྱིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་སྲིད་གཞུང་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་སླར་ཡང་མཐོ་རུ་བཏང་བ་སྟེ།  2013ལོ་ནས་བཟུང་མི་རེར་ཆ་སྙོམས་སྒོར་340ཡིན་པ་ནས་སྒོར་380བར་མཐོ་རུ་བཏང་བ་དང་འདི་ནི་བོད་ཀྱིས་1993ལོ་ནས་བཟུང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་སྲིད་གཞུང་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་ཐེངས་11ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ནོར་དོན་འཆར་འགོད་དང་རྩིས་བཤེར་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཅྰན་བེང་གིས།  1993ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་རིན་མེད་སྨན་བཅོས་བྱེད་པའི་གནས་སྐབས་དོ་དམ་བྱ་ཐབས》ཞེས་པ་ཁྱབ་བསྒྲགས་བྱས་ནས་ཞིང་འབྲོག་ཁུལ་གྱི་རིན་མེད་སྨན་བཅོས་ཀྱི་ཆེད་སྤྱོད་གྲོན་དངུལ་ཡོངས་ཁུངས་ནི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཡིན་པ་གཏན་འཁེལ་ཁ་གསལ་ཐེངས་དང་པོ་བྱས་པ་དང་མི་རེར་ཆ་སྙོམས་གྲོན་དངུལ་ཚད་གཞི་སྒོར་5.5ཡིན་པ་རེད།  1993ལོ་ནས་2013ལོའི་བར་གྱི་ལོ་20ཡི་ནང་བོད་ཀྱིས་བསྟུད་མར་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་སྲིད་གཞུང་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་ཐེངས་10བསྟུད་མར་མཐོ་རུ་བཏང་བ་རེད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན།  2003ལོ་ནས་བཟུང་བོད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་ལ་གཞིགས་ནས་བོད་དུ་ཁྱོན་ཡོངས་ནས་རིན་མེད་སྨན་བཅོས་ཀྱིས་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱབ་གདལ་བཏང་བ་དང་།  ལོ་ངོ་བཅུ་ལྷག་འདས་རྗེས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྲི་ཚོ་བརྒྱར་ཕན་པ་ཐོབ་ཡོད།  ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནང་ཞུགས་པའི་ཞིང་འབྲོག་པས་གྲོན་དངུལ་སྒོར་20བསྐྱལ་ན་ལོ་གཅིག་ལ་ཚད་གཞི་མཐོ་ཤོས་སྒོར་ཁྲི་6རྩིས་ཞུ་ཆོག་པའི་འགན་ལེན་ཐུབ་ཡོད།  2013ལོར་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་མི་སྒེར་གྱི་མ་དངུལ་གྲབས་གསོག་ནང་ཞུགས་པའི་ཞིང་འབྲོག་པ་བརྒྱ་ཆ་96.23ཟིན་གྱི་ཡོད།

    2013ལོར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཞིང་འབྲོག་ཁུལ་ལ་སྨན་བཅོས་འགྲོ་གྲོན་ཁྱོན་སྒོར་དུང་ཕྱུར་8.3སྤྲད་པ་དང་མིག་སྔར་ཞིང་འབྲོག་པའི་སྨན་བཅོས་ཐེབས་རྩ་སྒོར་དུང་ཕྱུར་9.3ཟིན་གྱི་ཡོད། དེའི་ནང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཁ་གསབ་རོགས་དངུལ་སྒོར་ཁྲི་86430ཡོད་པ་དང་།  ས་ཁུལ་དང་རྫོང་གི་ནོར་སྲིད་ཁ་གསབ་རོགས་དངུལ་སྒོར་ཁྲི་1290ཡོད་པ།མི་སྒེར་གྱི་གྲབས་གསོག་མ་དངུལ་སྒོར་ཁྲི་5160བཅས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ཀྱི་མི་འབོར་ཧ་ལམ་བརྒྱ་ཆ་80ལྷག་ཙམ་ནི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཅུང་རྗེས་ལུས་ཡིན་པའི་ཞིང་འབྲོག་ཁུལ་དུ་གནས་ཡོད།  1959ལོའི་ཚུན་དུ་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་20ལྷག་ཙམ་བཏང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་གོང་འཕེལ་གཏོང་བའི་ཐད་བེད་སྤྱད་ནས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་རྗེས་ལུས་ཡིན་པའི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་བ་དང་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྲི་ཚོ་བརྒྱར་ཕན་པ་ཐོབ་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332121881