གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། རང་ རྒྱལ་ གྱི་ ཚན་ རིག་ མཁས་ པས་ ཕྱུགས་ རིགས་ ལ་ ཕོག་ པའི་ དུག་ རྩྭའི་ དུག་ ནད་ སྨན་ བཅོས་ ནུས་ ལྡན་ ཐུབ་ པའི་ སྨན་ རྫས་ ཞིབ་ བཟོ་ བྱས་ པ།
2014-03-25       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

     ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་24ཉིན་གསར་འགོད་པས་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར།  རང་རྒྱལ་གྱི་ཚན་རིག་མཁས་པས་ཕྱུགས་རིགས་ལ་ཕོག་པའི་དུག་རྩྭའི་དུག་ནད་སྨན་བཅོས་ཐུབ་པའི་མ་གནས་དམའ་ལ་ཕན་འབྲས་བཟང་བའི་སྨན་རྫས་ཞིབ་བཟོ་བྱས་ཡོད་པ་རེད།

    དུག་རྩྭས་འཛམ་གླིང་ཐོག་རྩྭ་ཐང་འབྲོག་ལས་ལ་ཉེན་ཁ་ཚབས་ཆེན་བཟོ་ཞིང་།  ཕྱུགས་རིགས་ཀྱིས་དུག་རྩྭ་བཟས་རྗེས་སྐྱེ་འཕེལ་ཚད་གཞི་དམའ་རུ་འགྲོ་བ་དང་ཐ་ན་ཕྱུགས་རིགས་ཕོན་ཆེན་ཤི་ཡི་ཡོད།  དུག་རྩྭ་འཚར་སྐྱེས་ཆེ་དྲག་ཚེ་རྩྭ་ར་ཞན་དུ་འགྲོ་བ་དང་རྩྭ་སའི་སྣོད་བཅུད་དོ་སྙོམས་ལ་གཏོར་བཤིག་གཏོང་ཁར་རྩྭ་ར་སྤྱོད་ཚད་དམའ་རུ་འགྲོ་ཡི་ཡོད།

    དུས་རབས་གསར་པར་སླེབས་པའི་ནང་ཚུན་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་ཤུགས་རྐྱེན་འོག་མཚོ་བོད་ས་མཐོའི་རྩྭ་ར་ཞན་འགྱུར་དང་ཕྱུགས་རིགས་ཚད་ལས་བརྒལ་བས་དུག་རྩྭ་ཁྱབ་ཆེར་འགྲོ་བའི་རྣམ་པ་མགྱོགས་སུ་བཏང་ཡོད།  དུག་རྩྭས་ལོ་ལྟར་བོད་ལྗོངས་མངའ་རིས་ས་ཁུལ་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་4000ལྷག་ཙམ་བཟོ་བ་དང་བོད་ཀྱི་ལྗོངས་ཡོངས་ལ་དཔལ་འབྱོར་གྱོང་གུན་བཟོ་ཚད་སྒོར་དུང་ཕྱུར་ལས་བརྒལ་གྱི་ཡོད།

    བོད་རང་སྐྱོང་ལྗོངས་ཚན་རིག་ཐིང་དང་དེ་བཞིན་ནོར་སྲིད་ཐིང་སོགས་ཚན་པས་ཆེད་སྤྱོད་ཞིབ་འཇུག་མ་དངུལ་བཀོད་སྒྲིག་བྱས་ཤིང་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཕྱོགས་ཁག་མང་པོའི་སྟོབས་ཤུགས་མཉམ་འབྲེལ་བྱས་ཏེ“དུག་རྩྭའི”ཕྱོགས་བསྡུས་འགོག་བཅོས་དང་བེད་སྤྱོད་ཀྱི་ཞིབ་འཇུག་བྱས་ཡོད། ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་གི་དབུ་བཞུགས་རིགས་གཅིག་མཁས་ཅན་ཝང་པའོ་ཧེས་གསར་འགོད་པར“དུག་རྩྭའི”ཞིབ་འཇུག་ལ་མིག་སྔར་ཚད་བརྒལ་གལ་ཆེན་བྱུང་ནས་ལེགས་གྲུབ་ལྡན་པའི་ངང་དུག་སེལ་སྨན་རྫས་ཞིབ་བཟོ་ཐུབ་པ་དང་།  མ་ཟད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཀྱི་སྟབས་བདེ་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་ལག་རྩལ་འཚོལ་ཞིབ་ཐུབ་ཡོད་ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་གི་ཞིབ་འཇུག་མི་སྣས་ད་དུང་དུག་རྩྭ“ཟོག་རོ་ནས་ནོར་བུར་འགྱུར་ཐབས”བྱེད་ཀྱི་ཡོད། ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་རྡོ་རྗེས“དུག་རྩྭའི་དུག་རྒྱུ་སེལ་ནས་ལས་སྣོན་བྱས་རྗེས་ཕྱུགས་ཟོག་གིས་བཟའ་ཆོག་པའི་གཟན་རྩྭར་གྱུར་གྱི་ཡོད། དེ་དང་ཆབས་ཅིག་དུག་རྩྭའི་ཁྲོད་ཀྱི་དུག་རྒྱུ་གཙོ་བོ་ཁུའུ་མྰ་སྲན་རྒྱུར་སྐྲན་ནད་འགོག་པའི་ནུས་པ་ལྡན་པས་ཁྲོམ་རའི་མདུན་ལམ་རྒྱ་ཆེན་པོ་ཡོད”ཅེས་བརྗོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332122011