གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ཀྱི་ ཁྱད་ ལྡན་ ཞིང་ འབྲོག་ ལས་ ཀྱིས་ གྲོང་ མིའི་ ཡོང་ འབབ་ འཕར་ སྣོན་ བྱུང་ བ།
2014-03-27       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་ལྗོངས་ཀྱིས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་མ་འཇོག་དང་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟང་ཆ་ལྡན་པའི་ཞིང་ལས་ཐོན་རྫས་རྟེན་གཞི་དང་བཟང་ཆ་ལྡན་པའི་ཐོན་ལས་ཁུལ་གང་མགྱོགས་འཛུགས་ཆེད། མིག་སྔར་བོད་བྱང་ཤར་རྒྱུད་ཀྱི་འབྲི་གཡག་དང་། བོད་དབུས་རྒྱུད་ཀྱི་བཞོན་མ། བོད་དབུས་རྒྱུད་ཀྱི་སྤུས་ལེགས་འབྲུ་སྣུམ། གྲོང་ཁྱེར་ཉེ་འདབས་ཀྱི་གནོད་མེད་སྔོ་ཚལ་སོགས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱི་གནས་སྟངས་ཤིག་ཐོག་མའི་ཆ་ནས་འགྲུབ་ཡོད་པ་རེད།

    རྣམ་གྲངས་ལ་བརྟེན་ནས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་བོད་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་འཁོར་རྒྱུག་སྒྲིག་གཞི་གཙོ་བོ་ཞིག་ཡིན། སྤྱི་ལོ་2004ལོ་ནས་ན་ནིང་ལོ་མཇུག་བར་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱིས་རིམ་རྩིས་བྱས་ན་ཞིང་ལས་རྒྱུ་ཆ་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་དུང་ཕྱུར་19དང་བྱེ་བ་ལྔ་དང་ས་ཡ་དགུ་དང་ཆིག་འབུམ་ཟླ་སྒྲིལ་བཏང་བ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལ་གཙོ་གནད་ཐོག་ཞིང་འབྲོག་ཁྱད་ལྡན་ཐོན་ལས་བཅུ་གཉིས་ཀྱི་རྣམ་གྲངས་450ལག་བསྟར་བྱས་པ་དང་། ཁྱད་ལྡན་ཞིང་འབྲོག་ལས་ཐོན་སྐྱེད་རྟེན་གཞི་200གསར་སྣོན་བྱས་པ། ཁྱོན་བསྡོམས་ཞིང་འབྲོག་པའི་ཁྱིམ་དུད་སུམ་ཁྲི་ལྔ་སྟོང་ལ་ཟུར་སྐྱོར་བྱས་ཡོད་པ་རེད།

    ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱིས་ཁྱད་ལྡན་ལས་སྣོན་ལས་རིགས་གོང་འཕེལ་གཏོང་རྒྱུར་སྐུལ་མ་བཏང་ཡོད། མིག་སྔའི་བར་སླེབས་དུས་བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པའི་ཐོན་ལས་ཅན་གྱི་ཁེ་གཉེར་སྣེ་ཁྲིད་ཁེ་ལས་24ལ་ཟུར་སྐྱོར་བྱས་པ་དང་། བདུད་རྩི་རྟགས་ཅན་གྱི་བོད་སྨན་དང་། ལྷ་སའི་སྦི་རག བོད་རུམ་སོགས་ས་མཐོའི་ཁྱད་ལྡན་ཚོང་རྟགས་ཆེན་པོ་ཁག་ཅིག་ཕྱི་རྒྱལ་དུ་གཏོང་ཐུབ་པ་བྱུང་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332176901