གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། སློབ་ གསོ་ པུས་ གྲོང་ གསེབ་ དབུལ་ པོའི་ ས་ ཁུལ་ ནས་ སློབ་ མ་ བསྡུ་ ཚད་ མུ་ མཐུད་ མང་ དུ་ གཏོང་ རྒྱུ་ ཡིན་ པ།
2014-03-27       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།  ཚེས་24ཉིན་སློབ་གསོ་པུས་འགྲེམས་སྤེལ་བྱས་པའི་བརྡ་ཐོར་གཞིགས་ན།  རྒྱལ་ཁབ་ཀྱིས་གྲོང་གསེབ་དབུལ་པོའི་ས་ཁུལ་ནས་ཁ་ཕྱོགས་གཏན་འཁེལ་གྱི་སློབ་མ་བསྡུ་མང་དུ་གཏོང་བའི་ཆེད་དོན་འཆར་གཞི་དང་།  གྲོང་གསེབ་ཀྱི་སློབ་མ་ལོགས་སུ་བསྡུ་བ།ས་གནས་ཀྱི་མཐོ་སློབ་གཙོ་བོར་གྲོང་གསེབ་ཀྱི་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་སོགས་བྱ་ཐབས་གསུམ་སྤྱད་དེ་མཐོ་སློབ་ཏུ་གྲོང་གསེབ་དབུལ་པོའི་ས་ཁུལ་ནས་སློབ་མ་བསྡུ་མང་དུ་གཏོང་རྒྱུ་ཡིན་ཞིང་།  སྔོན་རྩིས་བྱས་ན་2014ལོར་མཐོ་སློབ་ཏུ་གྲོང་གསེབ་དབུལ་པོའི་ས་ཁུལ་གྱི་སློབ་མ་བསྡུ་ཚད་ན་ནིང་ལས་10%ཡན་འཕར་རྒྱུ་རེད།

    བརྡ་ཐོའི་ནང་འཁོད་པར།  འདི་ལོ་ཆེད་དོན་འཆར་གཞིའི་སློབ་མ་བསྡུ་ཚད་2013ལོའི་སློབ་མ་ཁྲི་3ནས་ཁྲི་5བར་མང་དུ་གཏོང་རྒྱུ་དེ་ཀྲུང་དབྱང་སྡེ་ཚན་གྱི་མཐོ་སློབ་དང་ས་གནས་ཀྱི“211ལས་གྲྭའི”སློབ་གྲྭས་གཙོ་བོ་བྱས་པའི་ཁག་དང་པོའི་དངོས་ཚན་མཐོ་སློབ་ཀྱིས་བསྡུ་འགན་འཁུར་རྒྱུ་དང་།  ལག་ལེན་བསྟར་ཁོངས་ནི་དབུལ་པོའི་རྫོང་832གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་དང་རྒྱལ་ཁབ་རིམ་པའི་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་ཚང་མ་ཚུདདང་།  དེ་བཞིན་མཐོ་སློབ་གཙོ་བོར་ཚུད་ཚད་ཅུང་དམའ་བའི་ཧྲན་ཤིས་དང་། ཧོ་ནན། ཀོང་ཤིས། ཀུའེ་ཀྲོའུ། ཡུན་ནན། ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅུ་ཡིན།  ཆེད་དོན་འཆར་གཞི་ལག་ལེན་བསྟར་སྐབས་འདོད་མོས་རེའུ་མིག་ལོགས་སུ་འགོད་པ་དང་།  ཁག་གྲངས་ལོགས་སུ་དབྱེ་བ།  སྐར་གྲངས་ཀྱི་ཚད་གཞི་ལོགས་སུ་བཟོ་བ་སོགས་དམིགས་བསལ་སློབ་བསྡུའི་སྲིད་ཇུས་སྤྱོད་རྒྱུ་རེད།  རྒྱ་ཆེའི་གྲོང་གསེབ་དང་དབུལ་པོའི་ས་ཁུལ་གྱི་ཕུལ་བྱུང་སློབ་མས་རྒྱུགས་ཐོ་ཧུར་ཐག་འགོད་རྒྱུར་སྐུལ་མ་གཏོང་ཆེད་2014ལོ་ནས་བཟུང་ཆེད་དོན་འཆར་གཞི་གཞིར་བཟུང་བསྡུས་པའི་སློབ་གསར་ཚོས་ཐེམ་ཐོ་བསྒྱུར་མིན་རང་མོས་ངང་ཐག་བཅད་ཆོག་པ་དང་སློབ་གཉེར་རིང་འབྲེལ་ཡོད་གཏན་འབེབས་དང་འགྲོ་ལུགས་གཉེར་སྟངས་གཞིར་བཟུང་ཆེད་ལས་བསྒྱུར་ན་འགྲིག

    བརྡ་ཐོའི་ནང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་དང་རང་མོས་འདེམས་གསེས་སློབ་བསྡུའི་སྒྱུར་བཅོས་ཚོད་ལྟའི་མཐོ་སློབ་གཞན་གྱིས་སློབ་གྲྭའི་དངོས་ཚན་སློབ་མ་བསྡུ་ཚད་ཀྱི་2%ལས་མི་ཉུང་བ་བསྡུ་དགོས་པ་དང་།  རང་མོས་འདེམས་གསེས་སློབ་བསྡུའི་བྱ་ཐབས་སྤྱད་དེ་གཙོ་བོ་ཐག་རིང་ལུང་ཁུག་ས་ཁུལ་དང་།  དབུལ་པོའི་ས་ཁུལ།  མི་རིགས་ས་ཁུལ་བཅས་ཀྱི་རྫོང་དང་རྫོང་རིམ་པ་མན་གྱི་སློབ་འབྲིང་ནས་སློབ་སྦྱོང་ལ་བརྩོན་པ་དང་སྦྱངས་འབྲས་གཟེངས་སུ་ཐོན་པའི་གྲོང་གསེབ་ཀྱི་སློབ་མ་བསྡུ་དགོས།  རྩ་དོན་ཐོག་ལོ་དེའི་མཐོ་སློབ་དཀྱུས་མའི་གཅིག་གྱུར་ཡིག་རྒྱུགས་ཀྱི་སློབ་བསྡུ་ཐོ་འགོད་ཀྱི་ཆ་རྐྱེན་དང་འཚམས་པ་དང་།  མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སྐྱིད་སྡུག་ནང་ལོ་གསུམ་བསྟུད་མར་ཞུགས་པ་མ་ཟད་དངོས་སུ་སློབ་གཉེར་བྱས་པ།  གྲོང་གསེབ་ཀྱི་ཐེམ་ཐོ་ཡོད་ལ་ཁྱིམ་ཚང་གྲོང་གསེབ་ཏུ་ཡོད་པའི་སློབ་མ་ཡིན་ཚེ་ཚང་མ་ཐོ་འགོད་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད།

    བརྡ་ཐོ་གཞིར་བཟུང་ཞིང་ཆེནརང་སྐྱོང་ལྗོངས་དང་གྲོང་ཁྱེརཁག་གིས་ཡུལ་བབ་དང་བསྟུན་ནས་ས་གནས་ཀྱི་མཐོ་སློབ་གཙོ་བོས་ས་གནས་དེ་གའི་གྲོང་གསེབ་ཀྱི་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་ལག་ལེན་བསྟར་དགོས།  སློབ་མ་བསྡུ་མཁན་སློབ་གྲྭས་ཁག་དང་པོའི་དངོས་ཚན་སློབ་མ་བསྡུ་སྐབས་ཞིང་ཆེནརང་སྐྱོང་ལྗོངས་དང་གྲོང་ཁྱེརཁག་གིས་ཞིང་ཆེན་དེ་གའི་དབུལ་པོའི་ས་ཁུལ་གྱི་ཁྱབ་ཚུལ་དང་།  མཐོ་རྒྱུགས་ནང་ཐོ་འགོད་བྱས་པའི་གྲོང་གསེབ་ཀྱི་སློབ་མའི་གྲངས་འབོར།  མཐོ་སློབ་ཏུ་སློབ་གཉེར་བྱེད་པའི་བསྡུར་གྲངས་སོགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ཞིང་ཆེནརང་སྐྱོང་ལྗོངས་དང་གྲོང་ཁྱེརདེའི་ཁོངས་གཏོགས་མཐོ་སློབ་ཀྱི་བསྡུ་ཚད་དང་།  ལག་ལེན་བསྟར་ཁོངས།  སློབ་བསྡུའི་བྱ་ཐབས་བཅས་གཏན་འཁེལ་བྱེད་དགོས་པ་བཅས་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332179031