གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ ཞིང་ འབྲོག་ པ་ མི་ རེའི་ ཆ་ སྙོམས་ ཁེ་ གཙང་ ཡོང་ འབབ་ ལོ་ 11བསྟུད་ མར་ གྲངས་ གནས་ གཉིས་ ཀྱི་ ཐོག་ ནས་ འཕར་ སྣོན་ ཕྱིན་ པ།
2014-03-28       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། སྤྱི་ཟླ་3པའི་ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་55འཁོར་བའི་ཉིན་ཞིག་ཡིན། གསར་འགོད་པས་འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱུང་བར། 2013ལོར་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་6578ཟིན་པ་དང་ལོ་11བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་སྣོན་ཕྱིན་ཡོད།

    1959ལོའི་ཟླ་བ་3པའི་ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས་པ་དང་ཆབས་ཅིག་བོད་འདི་ཉིད་མུན་ནག་ནས་འོད་སྣང་དང་རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་ཕྱུག་འགྱུར། སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བཏོད་ཡོད།

    2009ལོའི་ཟླ་བ་1པོའི་ཚེས་19ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པས། ལོ་རེའི་ཟླ་བ་3པའི་ཚེས་28ཉིན་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྤྱི་ཚེས་27ཉིན་གྱི་དགོང་མོ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་55འཁོར་བར་དྲན་གསོ་ཞུ་བའི་བརྙན་འཕྲིན་གསུང་བཤད་གནང་བ་དང་ཁོང་གིས། བོད་དུ་དམངས་གཙོའི་བཅོས་སྒྱུར་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་དེ་དུས་རབས་ཕྱེད་ཀ་ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བྱ་གཞག་ཁག་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བའི་བར་གྱི་དཔལ་འབྱོར་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པ་དང་མི་དམངས་རྣམས་བདེ་སྡོད་ལས་བརྩོན་དང་སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས། རིག་གནས་དར་རྒྱས་ཡར་ཐོན། མི་རིགས་མཐུན་སྒྲིལ་སྲ་བརྟན། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བརྟན་བརླིང་བཅས་ཐུབ་ཡོད།

    2013ལོར། བོད་ཀྱི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་807.67ཟིན་པ་དང་ལོ་21བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་སྣོན་ཕྱིན་པ་དང་། ཞིང་འབྲོག་པ་ཁྲི་ཚོ་230ཚང་མ་བདེ་འཇགས་སྤྱོད་གོ་ཆོད་པའི་སྡོད་ཁང་གསར་པའི་ནང་སྤོ་ཐུབ་ནས་ཞིང་འབྲོག་པའི་འཚོ་བའི་ཆ་རྐྱེན་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་ཐུབ་པ། འོས་འགན་སློབ་གསོ་ལོ་15ཡི་རིང་རིན་མེད་“འགན་ལེན་གསུམ་”གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་ཞིང་འབྲོག་པའི་བུ་ཕྲུག་གི་མཐོ་རྒྱུགས་སློབ་བསྡུའི་བསྡུར་ཚད་བརྒྱ་ཆ་60བར་མཐོ་རུ་ཕྱིན་པ། ལྗོངས་ཡོངས་ཀྱི་ངལ་རྩོལ་མི་འབོར་མི་རེར་སློབ་གསོ་མྱོང་བའི་ཆ་སྙོམས་ལོ་ཚད་ལོ་8.4བར་ཟིན་པ། སྐྱེ་ཁུངས་བོད་ནས་ཡིན་པའི་ལོ་དེའི་མཐོ་སློབ་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ། སྤྱི་ཚོགས་ཀྱི་འགན་བཅོལ་ཁག་ནང་ཞུགས་ཚད་མི་ཐེངས་ཁྲི་248.9ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱོན་ཡོངས་ནས་རིན་པ་མི་དགོས་པར་ལུས་པོའི་བདེ་ཐང་བརྟག་དཔྱད་བྱས་པ། འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་ཐོག་ཉར་གསོ་བྱེད་པའི་གཅེས་སེམས་ལས་གྲྭ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་ཀྱིས་དབུལ་ཕོངས་མི་འབོར་ཁྲི་12.8ཉུང་དུ་བཏང་ཡོད་ཅེས་དང་།

    བློ་བཟང་རྒྱལ་མཚན་གྱིས། དེང་གི་ཆར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་རིག་གནས་འཚོ་བའི་ཆུ་ཚད་སྔར་ན་མེད་པའི་སྒོ་ནས་གོང་མཐོར་ཕྱིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་མཛེས་སྡུག་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་ཆོད་སེམས་དང་སེམས་ཤུགས་སྔར་བས་བརྟན་དུ་ཕྱིན་ཡོད། ང་ཚོས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ཀྲུང་གོའི་ཕུགས་འདུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས། 

མཛའ་འབྲེལ་དྲ་བ།
010020070840000000000000011100001332208631