གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཝུའུ་ དབྱིང་ ཅེས་ ཞིང་ ཆེན་ དང་ རང་ སྐྱོང་ ལྗོངས་ ལྔ་ ཡི་ ཤིན་ ཧྭ་ གསར་ འགྱུར་ ཁང་ གི་ བཅར་ འདྲི་ འཕྲིན་ སྤེལ་ ཚོགས་ པ་ དང་ མཇལ་ འཕྲད་ གནང་ བ།
2014-03-31       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེས26ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་ཐུགས་སྣང་གཤིན་པོའི་ངང་ལྷ་སར་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་ཤིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་འཕྲིན་སྤེལ་ཚོགས་པ་དང་བཅས་པར་མཇལ་འཕྲད་གནང་བ་རེད།

    ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་བཅར་འདྲི་འཕྲིན་སྤེལ་ཚོགས་པ་བོད་དུ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་ཤིན་ཧྭ་གསར་འགྱུར་ཁང་གིས་དུས་ཡུན་རིང་པའི་ནང་རང་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་དོ་ཁུར་གནང་བར་ཐུཌ་རྗེ་ཆེ་ཞུས་པ་མ་ཟད།འཕྲིན་སྤེལ་ཚོགས་པས་བོད་དུ་མང་ཙམ་ལྟ་བ་དང་མང་ཙམ་བསྐྱོད་དེ“ཀྲུང་གོའི་བྱུང་བ”དང“བོད་ཀྱི་བྱུང་བ”ལེགས་པར་བཤད་ནས་བོད་ཀྱི་འཕོ་འགྱུར་ཆེན་པོ་གསོན་ཉམས་ལྡན་པའི་ངང་སྟོན་རྒྱུའི་ཐུགས་རེའང་གནང་བ་རེད།

    འཕྲིན་སྤེལ་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཝུའུ་དབྱིང་ཅེས་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་གཞི་རིམ་ལ་ཟབ་ཞུགས་བྱས་ནས་བོད་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་ལ་སེམས་གཏིང་ནས་དགའ་ཞེན་བཅངས་ལུགས་ཚོར་བྱུང་བས་ལག་གི་སྨྱུ་གུའི་འདུ་བྱེད་ཀྱིས་བོད་ལྗོངས་གསར་པའི་འཚོ་བ་དང་།འཕེལ་རྒྱས།འགྱུར་ལྡོག་གསར་པ་ཇི་མ་ཇི་བཞིན་ཐོ་རུ་བགོད་པ་དང་མཚོན་པ་བྱས་ཏེ་རྒྱལ་ཡོངས་དང་འཛམ་གླིང་མི་དམངས་རྣམས་ཀྱིས་མིག་མཐོང་ལག་ཟིན་དང་འཕེལ་རྒྱས་འགྲོ་བ།དར་རྒྱས་ཡོང་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་རྒྱུས་མངའ་ལོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332261941