གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ བརྟན་ ལྷིང་ སྲུང་ སྐྱོང་ ལས་ དོན་ གྱི་ བརྙན་ འཕྲིན་ ཁ་ པར་ ཚོགས་ འདུ་ འཚོགས་ པ།
2014-03-31       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་ཏེང་ཞའོ་ཀང་གིས་ལས་དོན་བཀོད་སྒྲིག་གནང་བ།

    ཚེས་28ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ཉེ་དུས་ཀྱི་ལས་དོན་ལ་ཕྱོགས་སྡོམ་དང་མིག་སྔའི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ།དུས་མཚམས་རྗེས་མའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ།ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ལས་དོན་བཀོད་སྒྲིག་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་།ཆེ་དགྲ་ལྷ།ལེའང་ཐེན་ཀེང་།ཏིང་ཡེ་ཤན།ཝང་ཡུང་ཅུན་བཅས་སོ་སོ་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ།ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཝང་རུའེ་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་གི་ཆེད་དོན་ཚན་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་།ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་ལྟར་དུས་བབ་གསལ་རྟོགས་དང་ཉེན་བརྡ་རྒྱུན་སྒྲོག་བྱས་ནས་བསམ་བློར་ལྷོད་གཡེང་མི་གཏོང་བ་དང་།བྱེད་ཐབས་རྣམ་པ་ཙམ་དུ་མི་ལུས་པ།ལས་གནས་ཐོག་གནས་ཚད་དེ་བས་མཐོ་རུ་གཏོང་བ།འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ།དམིགས་ཡུལ་ལ་གཡོ་འགུལ་མི་གཏོང་བ་བཅས་ཐུབ་པ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་སྔར་བས་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་སྟེ།དེའང་གཅིག་ནས་ལྷོད་གཡེང་གི་བསམ་བློ་ནན་འགོག་དང་ལས་ཀར་སྐབས་འགར་དམ་འཛིན་ནན་པོ་དང་སྐབས་འགར་ལྷོད་གཡེང་གཏོང་བའི་རིགས་ནན་འགོག་གིས་ལྗོངས་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལོ་ཧྲིལ་པོ་བརྟན་ལྷིང་ཡོང་རྒྱུར་འགན་ལེན་བྱེད་དགོས་པ་དང་།གཉིས་ནས་ཁོངས་གཏོགས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་ས་སྲུང་གི་འགན་འཁྲི་ཡོད་པ་དང་།ས་སྲུང་གི་འགན་འཁུར་བ།ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བཅས་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་།ས་བབ་དང་བསྟུན་པ་དང་།འགན་འཁུར་ཕོད་པ།རང་འགུལ་ངང་བྱ་བ་བསྒྲུབ་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་ཕྱོགས་གཅིག་གི་དུས་བདེ་འགན་ལེན་དང་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ།གསུམ་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་སྤེལ་བའི་ཁྲོད་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་སློབ་སྦྱོང་དང་དེ་དར་སྤེལ་ཤུགས་ཆེན་བཏང་ནས“སྤྱོད་ཚུལ་བཞི”དང་།“གནད་དོན་གཉིས” “ཉམས་ཞན་གཅིག”བཅས་ལ་དག་ཐེར་བྱ་རྒྱུ་དེ་གཞི་རིམ་ཏང་སྲིད་རྩ་འཛུགས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་ཁུལ་དང་།རྫོང་།ཤང་།གྲོང་ཚོ་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་གཞི་རྩ་བརྟན་དུ་བཏང་ནས་སློབ་གསོ་ལག་ལེན་བྱེད་སྒོར་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟེན་ནས་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པ།བཞི་ནས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་གྱིས་བརྟན་ལྷིང་སྲུང་སྐྱོང་ལག་ལེན་ཁྲོད་ནས་ཉམས་མྱོང་དང་བློ་གྲོས་བསྡུ་ལེན་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ།ལྔ་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དངོས་སུ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ་དང་ལྟ་སྐུལ་དང་མཛུབ་ཁྲིད་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ལྟ་སྐུལ་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་མཛུབ་ཁྲིད་ལ་བརྟེན་ནས་ཡར་རྒྱས་ལ་སྐུལ་འདེད་གཏོང་དགོས་པ།དྲུག་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོའི་བློ་མཐུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་རང་འགུལ་ངང་ཁོང་ཚོའི་དཀའ་ངལ་དངོས་ཐག་གཅོད་དང་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཧུར་ཐག་བསལ་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་ཁོང་ཚོས་ཚོར་ཐུབ་པ་བྱེད་དགོས་པ།བདུན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་སྦྲགས་དཔྱིད་རྨོད་དཔྱིད་འདེབས་དང་གཙོ་གནད་ལས་གྲྭ་འཛུགས་སྐྲུན་སོགས་ལས་དོན་ཡག་པོ་བསྒྲུབས་པ་དང་།རང་བྱུང་གནོད་འཚེར་དོགས་ཟོན་དང་ནགས་ཚལ་མེ་ཟོན་སོགས་ལས་དོན་ཡག་པོ་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཏེང་ཞའོ་ཀང་གིས་ལས་དོན་བཀོད་སྒྲིག་གནང་སྐབས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་སྔར་བས་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332262481