གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ཀྱི་ ཁྱད་ ལྡན་ གྲོང་ ཚོ་ 3ཀྲུང་ གོའི་ ལོ་ རྒྱུས་ རིག་ གནས་ གྲགས་ ཅན་ གྲོང་ ཚོའི་ ནང་ ཐེངས་ དང་ པོ་ བདམས་ པ།
2014-03-31       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།  སྤྱི་ཚེས་27ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར།  བོད་ལྗོངས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སྤང་ཞིང་གྲོང་ཚོ་དང་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོ།  ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གྲོང་ཚོ་བཅས་གྲོང་ཚོ་3ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོའི་ནང་བདམས་པ་དང་།  དེ་ནི་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོའི་ནང་བདམས་པའི་བོད་ཀྱི་ཁག་དང་པོའི་གྲོང་ཚོ་ཡིན་པས་བོད་ལ་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོ་མེད་པའི་སྟོང་ཆ་ཁ་གསབ་བྱས་ཡོད།

    བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ལིའི་ཤིན་ཁྲང་གིས།  བདམས་ཐོན་བྱུང་བའི་གྲོང་ཚོ་3པོར་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་ཁྱད་དུ་འཕགས་པའི་འཛུགས་སྐྲུན་བཀོད་པ།  དེ་བཞིན་ལོ་རྒྱུས་རིག་གནས་ཡུན་རིང་བཅས་ལྡན་ཡོད།  སྤང་ཤིང་གྲོང་ཚོ་ནི་དུས་རབས་7པའི་སྐབས་ཆགས་པ་དང་ད་ཡོད་ཡུལ་མིའི་སྡོད་ཁང་མང་ཆེ་བ་ནི་དུས་རབས་20པའི་ལོ་རབས་20སྐབས་ཀྱི་ཁང་པ་ཡིན་ཞིང་ས་རྡོའི་གྲུབ་ཆ་གཙོ་བོར་བྱས་པའི་དཔེ་མཚོན་ལྡན་པའི་བོད་བཟོའི་ནགས་ཁུལ་འཛུགས་སྐྲུན་གྱི་བཀོད་པ་ཡིན།  ཐོན་མདའ་གྲོང་ཚོ་ནི་བོད་ཡིག་སྲོལ་གཏོད་མཁན་པོ་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ཡིན་ལ་ཆུ་འཐག་བོད་སྤོས་ཀྱི་འབྱུང་ཁུངས་ཡིན་ཞིང་།  ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།  མཚོ་མགོ་གྲོང་ཚོ་ནི་ཉིང་ཁྲི་ས་ཁུལ་དུ་ཉར་ཚགས་ཆ་ཚང་ཤོས་ཀྱི་གནའ་བོའི་གྲོང་ཚོ་ཞིག་ཡིན་པ་དང་ཉིང་ཁྲི་ས་ཁུལ་གྱི་གནའ་བོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེ་བའི་དངོས་རྫས་ཀྱི་དཔྱད་གཞིའི་ཡིག་ཆ་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    ལིའི་ཤིན་ཁྲང་གིས“ད་ཐེངས་གྲོང་ཚོ་3ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོའི་མིང་ཐོའི་ནང་བདམས་པ་དེས་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་སྲོལ་རྒྱུན་དམངས་སྲོལ།  འཛུགས་སྐྲུན་བཀོད་པ་སོགས་ལོ་རྒྱུས་རིག་གནས་ཐོན་ཁུངས་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་ཕན་ནུས་གལ་ཆེན་ལྡན་ཡོད།  གོམ་སྟབས་རྗེས་མར་ང་ཚོས་སྲུང་སྐྱོབ་འཆར་འགོད་རྩོམ་སྒྲིག་དང་སྲུང་སྐྱོབ་བྱ་ཐབས་གཏན་འབེབས་དང་དོན་འཁྱོལ་བྱས་ཏེ་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོའི་སྲུང་སྐྱོབ་དང་དོ་དམ་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ཡིན”ཞེས་བརྗོད།

    ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོ་ནི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་།  དེ་ནི་ཉར་ཚགས་བྱས་པའི་རིག་དངོས་ཧ་ཅང་ཕུན་སུམ་ཚོགས་པ་དང་མ་ཟད་ལོ་རྒྱུས་རིན་ཐང་ངམ་ཡང་ན་དྲན་གསོའི་དོན་སྙིང་གལ་ཆེན་ལྡན་ཞིང་ཅུང་ཚང་བའི་སྒོ་ནས་ལོ་རྒྱུས་དུས་མཚམས་འགའི་སྲོལ་རྒྱུན་རྣམ་པ་དང་ས་གནས་ཀྱི་མི་རིགས་ཁྱད་ཆོས་མཚོན་པའི་གྲོང་རྡལ་དང་གྲོང་ཚོར་བརྗོད་ཀྱི་ཡོད།  དཔྱད་འདེམས་བྱེད་སྒོ་2003ལོར་འགོ་ཚུགས་པ་ནས་མིག་སྔའི་བར་རྒྱལ་ཡོངས་སུ་ཁྱོན་གྲོང་རྡལ་252ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ་དུ་གྱུར་བ་དང་གྲོང་ཚོ་276ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོར་གྱུར་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332265641