གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ རང་ སྐྱོང་ ལྗོངས་ མི་ དམངས་ འཐུས་ ཚོགས་ སྐབས་ བཅུ་ པའི་ རྒྱུན་ ལས་ ཨུ་ ཡོན་ ལྷན་ ཁང་ གི་ ཚོགས་ འདུ་ ཐེངས་ དགུ་ པ་ འཚོགས་ པ།
2014-04-01       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཚེས་30ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་འཚོགས་པ་རེད།

    ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།  ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཨུད་ཨུ་ཡོན།  ལས་བྱེད་པ་ཁྲུའུ་དང་པོའི་ཁྲུའུ་ཀྲང་ཏང་ཅིན་གྱིས་འབྲེལ་ཡོད་མི་སྣ་བསྐོ་འཐེན་གྱི་དོན་གནད་གསལ་བཤད་བྱས་པ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཏོན་ཤང་ཀྲེང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀེ་ཧྲེང་གིསབོད་རང་སྐྱོང་ལྗོངས་ཀྱི་སྐུད་མེད་རླུང་འཕྲིན་གྱི་དོ་དམ་སྲོལ་ཡིགའཆར་ཟིན)》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་སྙན་སེང་ཞུས་པ།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་རུང་ཧྲའོ་ཧྭས《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམསཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱེད་ཐབསའཆར་ཟིན)》གྱི་བཟོ་བཅོས་བྱེད་ཚུལ་སྐོར་གྱི་སྙན་སེང་ཞུས་པ་དང་འབྲེལ་རང་ལྗོངས་ཀྱི་དོན་དངོས་དང་ལས་ཀའི་དགོས་མཁོར་གཞིགས་ནས་ཁྲིམས་སྲོལ་འཆར་ཟིན་གཉིས་ཀྱི་འབྲེལ་ཡོད་དོན་ཚན་ཐད་སྔར་བས་ཁ་གསབ་དང་འཐུས་ཚང་དུ་བཏང་བ།  ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀུང་ཅན་ཀྲང་གིསལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་ལྗང་ཅན་གྱི་སྲོལ་ཡིགསྐོར་གསལ་བཤད་བྱས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཏའེ་ཅན་གོསལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་ལྗང་ཅན་གྱི་སྲོལ་ཡིགསྐོར་གྱི་ཞིབ་བཤེར་སྙན་སེང་ཞུས་ནསསྲོལ་ཡིགགི་འཆར་ཟིན་འགོད་པའི་བརྒྱུད་རིམ་དང་།ནང་དོན་གཙོ་བོ།ཞིབ་བཤེར་གནས་ཚུལ་བཅས་ཐད་གསལ་བཤད་བྱས་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332291091