གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ལྷ་ ས་ གྲོང་ ཁྱེར་ བསྟན་ རྒྱས་ གླིང་ སྡེ་ ཁུལ་ དུ མང་ ཚོགས་ ཀྱི་ འཕྲིན་ ཕྲན་ སྟེགས་ བུ བཙུགས་ ནས་ སྡེ་ ཁུལ་ གྱི་ དོ་ དམ་ ལས་ དོན་ ལ་ སྐུལ་ འདེད་ བཏང་ བ།
2014-04-02       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།  བོད་ཀྱི་ལྷ་ས་གྲོང་ཁྱེར་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཉེ་ཆར“མང་ཚོགས་ཀྱི་འཕྲིན་ཕྲན་སྟེགས་བུ”བཙུགས་ནས་སྡེ་ཁུལ་གྱི་དོ་དམ་ལས་དོན་ལ་སྐུལ་འདེད་བཏང་བས་བོད་དུ་མང་ཚོགས་ཀྱི་འཕྲིན་ཕྲན་སྟེགས་བུ་སྤྱོད་མཁན་གྱི་སྡེ་ཁུལ་དང་པོར་གྱུར་ཡོད།  མིག་སྔར་ཡུལ་མི་བརྒྱ་མ་ཟིན་ཙམ་བསྟན་རྒྱས་གླིང་སྡེ་ཁུལ་གྱི་འཕྲིན་ཕྲན་ཚོགས་པའི་ནང་ཞུགས་ཡོད།

    སྡེ་ཁུལ་གྱི“མང་ཚོགས་ཀྱི་འཕྲིན་ཕྲན་སྟེགས་བུས”དེ་སྔོན་སྡེ་ཁུལ་གྱི་སྤྱི་བསྒྲགས་ཤིང་སྒྲོམ་ནང་བྱེད་སྒོའི་བརྡ་ཐོ་དང་དམངས་ཕན་བློ་འདྲི།  སྲིད་དོན་ཆ་འཕྲིན།  དམངས་ཕན་ཞབས་ཞུའི་ཆ་འཕྲིན་སོགས་སྦྱར་རྒྱུ་འཕྲིན་ཕྲན་སྟེགས་བུ་བརྒྱུད་པར་རིས་དང་ཡི་གེ་འདྲེས་མའི་རྣམ་པའི་ཐོག་སྐད་གདངས་བསྣན་ནས་ཉིན་ལྟར་སྡེ་ཁུལ་གྱི་ཡུལ་མིའི་ལག་ཐོགས་ཁ་པར་ཐོག་བསྐུར་གྱི་ཡོད།

    སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣ་ཝང་ཅིན་གྱིས“རྒྱུན་དུ་ཐེམ་ཐོའི་མི་འབོར་བཅུ་ཆ་བཞི་སྡེ་ཁུལ་ནང་མི་སྡོད་པས་དོ་དམ་དང་ཞབས་ཞུ་ཚང་མ་བྱེད་བདེ་པོ་མེད།  ད་ཆ་ང་ཚོས་འཕྲིན་ཕྲན་སྟེགས་བུའི་སྟེང་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཐོག་ནས་རིགས་མི་འདྲ་བའི་དམངས་ཕན་ཆ་འཕྲིན་བསྐུར་བས་མགྱོགས་ལ་སྟབས་བདེ་པོ་ཡོད།  ཐ་ན་གཟའ་མཇུག་གམ་ཡང་ན་དུས་ཆེན་སྐབས་མང་ཚོགས་ཚོར་དཀའ་ངལ་ཡོད་ཚེ་སྡེ་ཁུལ་གྱི་ལས་དོན་མི་སྣས་ཀྱང་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་མ་ཟད་ཐག་གཅོད་བྱེད་ཐུབ་ཀྱི་ཡོད།  སྡེ་ཁུལ་གྱི་ཡུལ་མིས་ཀྱང་འཕྲིན་ཕྲན་སྟེགས་བུ་བརྒྱུད་ང་ཚོར་བསམ་འཆར་བཏོན་ཆོག་གི་ཡོད”ཅེས་བརྗོད།

    འཕྲིན་ཕྲན་སྟེགས་བུ་ཤར་གཏོང་བྱས་ནས་ཉིན་ཤས་ལས་མ་འགོར་བར་ཕན་འབྲས་བཟང་པོ་བྱུང་བ་ར་སྤྲོད་ཐུབ་ཅིང་།  ཡུལ་མིར་སྟབས་བདེ་བསྐྲུན་པ་མ་ཟད་སྡེ་ཁུལ་གྱི་ལས་ཕྱོད་ཀྱང་གོང་མཐོར་ཕྱིན་ཡོད།  ཡུལ་མི་ཚེ་རིང་གཡང་འཛོམས་ཀྱིས“ངས་སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་རྒན་གསོའི་འགན་བཅོལ་སྐོར་ཡག་པོ་ཤེས་ཀྱི་མེད།  ད་ཆ་ཁྱིམ་ལས་ཐོན་མི་དགོས་པར་འཕྲིན་ཕྲན་སྤྱད་དེ་ཁྱིམ་དུ་བློ་འདྲི་བྱེད་ཆོག་གི་འདུག” ཅེས་བརྗོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332320961